e-texts navigator
Collection
Volume
Page
Wylie

329a1 ན་ཨེ་མ་ཧོ།། ངོ་མཚར་གསང་བརྒྱད་དུ་བྱུང་བའི་ཆོས་ཆེན་པོ།། སྲས་ཀྱང་མ་བཅོས་མ་གསུངས་མ་བྱས་དང་གིས་གསལ།། སྐྱེ་བ་མེད་པས་ཐམས་ཅད་སྐྱེས་ཀྱང་སྐྱེ་བ་མེད།། མིང་དང་ཐ་སྙད་འཛིན་པ་ཐམས་ཅད་ཡ་ནས་སངས་རྒྱས་ཡིན།
329a2 ས་ཡངང་བཅ་པའི་སྐྱེས་སྩལ་མ་བ་སྦྱི་དུ་མི་དག་ག་ཀྱིས།། འད་ལི་གགས་བྲེལ་བ་ཉིས་པ་བ། ད་ལས་འབགས་ང་བཛི་ཏི་ན་མཐུ་བ་མིད།། བན
329a3 གཉིས་མེད་བདེན་པ་མ་མཐོང་བས།། སྒྱུ་མ་ལ་སོགས་དངོས་པོར་འཛིན་པས་ཡང་དག་ཉམས།། ཐུན་པོ་གང་ཞིག་མཁའ་ལ་མདུད་པ་འདོར་བ་འདྲ།། དེ་ནས་བདག་ཉིད་ཆེན་པོ་གཞི་དང་རྩ་བ་མེད་པ་ཉིད་ལ་ཉིད་ཀྱིས་བརྗོད་པ།། ཆུ་འབྲས་མི་འབྱེད་གཞི་དང་རྩ་བ་མེད་པའི
329a4 ཆོས་ཆེན་པོ།། མི་དམིགས་དམིགས་པ་མེད་ལས་དམིགས་པ་རྣ་ཚོགས་འབྱུང་།། བསྒྲུབ་ཏུ་མེད་ཅིང་གྲུབ་པར་བྱ་བ་འདི་ལ་ཅི་ཡང་མེད།། ཇི་བཞིན་ཉིད་ཀྱི་ངང་ཉིད་ཡིན་པས་བཙུན་སར་གནས་པ་སྟེ།། དམིགས་དང་མི་དམིགས་རྩོལ་བའི་ནད་དང་བྲལ་བས་ན།། གཉེན
329a5 པོས་བཅོས་སུ་རྡུལ་ཙམ་མེད་པ་ཡིན།། ཤིན་ཏུ་བརྟག་དཀའ་གཏིང་དཔག་བསམ་ཡས་པ།། རྒྱུ་དང་འབྲས་བུར་འདོགས་པའི་སྤྱོད་ཡུལ་མིན།། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ལ་ངོ་མཚར་བའི་ཚིག་བསྟན་པ་དང་། དེ་མ་རྟོགས་པ་ལ
329a6 ངོ་མཚར་བ་དང་དོན་དམ་པའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དོན་དམ་པའི་རང་བཞིན་དེ་རྟོགས་ཤིང་ཤེས་པར་བྱ་བ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དེས་ཉིད་ཀྱིས་ཉིད་ལ་བརྗོད་པ།། སེམས་ཀྱི་རང་བཞིན་ཀུན་གྱི་མཆོག
329a7 གླང་དོར་མེད་པའི་རྒྱལ་པོ་ཡུམ།། མི་ལྡོགས་ལ་སོགས་པ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ།། གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དེ་ལ་དད་པས་མོས།། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་གྱིས་མཚུངས་པར་རང་བསྔགས




iiif viewer powered by OpenSeadragon

328b - 329b

Texts on this page

Gdg006.42 - byang chub kyi sems sgom pa'i rgyud