| | e-texts navigator
|
326b1 ཡང་བདེ་མཆོག་ཉིད་དུ་གསལ།། ལམ་ལ་མ་བགྲོངས་ལ་མི་སྤྱད་ཏེ།། སྙིང་པོ་རང་བྱུང་རྫོགས་པ་སྤྱན་གྱིས་གནས།། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ།། རྣམ་གྲངས་ཐ་སྐད་དབྱེ་བ་མི་གནས་ཏེ།། དེ་དག་ལེགས་པར་རྟོག་པའི་ཐབས་ཉིད་བྱེར།། རྣ་པ་དག་དམང་།
326b2 ངགདོན་གྱིས་ལེགས་པར་དགྲོལ།། རྩམ་གཅིག་དྲིལ་ལ་མཉམ་པར་བརྟགས།། རྣམ་པར་ཕྱེ་བས་དོན་ཉིད་རྟོགས་པར་བྱ།། ལེགས་པར་རྟོགས་པའི་དོན་ལ་གཅིག་ཏུ་གནས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་ཆུད་ལས། ཐབས་ཆེན་བསྒྲུབ་པའི་བརྒྱད
326b3 པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོས་ཆོས་ཐམས་ཅད་གཉིས་སུ་མེད་པ་ལས། འདདྲའ་བ་མེད་པ་འདི་གསུངས་སོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རང་བཞིན་རིག་པའི་དམ་ཚིག་གསུམ།། རང་འང་རྫོགས་པའི
326b4 རང་བཞིན་ལ།། ཡེ་ནས་རྫོགས་ཏེ་ངོ་བོང་གནས།། རྫོགས་པའི་ངན་མེད་ན།། མཚན་མའི་དམ་ཚིག་གོལ་བའི་ལམ།། མི་འདའ་རྫོགས་པའི་དམ་ཚིག་གསུམ།། ཡེངས་པ་མེད་པར་ཅི་དགར་ཞོག། དུས་གསུམ་རྒྱལ་བས་གསུངས་པའི་སྒོ།། འགྲོ་འདུལ
326b5 དང་ཚིག་མཐའ་ཡས་པ།། རྟོགས་པའི་དོན་ལ་གཅིག་ལས་མེད།། འདི་ཡང་མ་བཅོས་རང་བཞིན་ལུང་།། རང་བཞིན་གསུམ་དང་ཐིག་ལེར་གཅིག། རྒྱས་མཐེབས་པའི་ཆོས་མེད་པས།། སྲས་ཀྱང་འདྲ་འབར་ཡོད་པ་མིན།། མནོར་སྙིང་པོའི་དམཆོག་ལ།། མ
326b6 ཡངས་གསལ་བར་དྲན་པ་ཡིས།། གསལ་བ་མཐར་ཕྱིན་སེམས་དཀྱིལ་འཁོར།། བདེ་མཆོག་མཉམ་པའི་སེམས་ཀྱིས་བསྟན།། ཀུན་འབྱུང་རིག་པའི་དཀྱིལ་འཁོར་ཉིད།། ཡོངས་རྫོགས་མི་འགྱུར་དམ་པའི་དོན།། མི་འདྲར་ལེགས་པར་བསྟན་པར་བྱ།། དུས་གསུམ
326b7 མི་འགྱུར་སེམས་ཀྱིས་བཟུང་།། དམཆོག་རྡོ་རྗེ་བརྡ་ཡི་ལུང་།། འདེམས་པའི་ཚིག་གིས་གསལ་བར་ཤེས།། སྤུན་རྫོགས་པདེ་མཆོག་དམ་ཚིག་ལ།། འདར་མེད་དོན་རྟོགས་རང་བཞིན་བཞུགས།། དོན་དང་རང་བཞིན་མཚོན་པ་ཉིད།། མ་བཅོས་པ་དང་གོམས་པད
iiif viewer powered by OpenSeadragon
326a - 327a