e-texts navigator
Collection
Volume
Page
Wylie

324b1 འབར་བཙལ་མེད་རིག་པའི་སེམས།། གསལ་བའི་མར་མེའི་འདུ་ཤེས་མེད།། རྒྱུ་བ་མེད་པའི་ཚུལ་གྱིས་དབྱེ།། ཕྱག་རྒྱ་ཆེན་པོས་ཀུན་ཐེབས་པས།། མཚན་མའི་རྟོག་པ་གཡོ་མི་འགྱུར།། རང་བཞིན་འཁོར་ལོར་ཡེ་བརྟེན་པས།། རིག་པའི་དཀྱིལ་འཁོར་བསྐྱེད་དུ་མེད།།
324b2 ཡེ་ཤེས་འབར་བའི་བཞུགས་གནས་ལ།། རང་བྱུང་སྒྲིབ་མེད་གསལ་བས་བརྒྱན།། དུས་གསུམ་རྒྱལ་བའི་རང་བཞིན་པས།། གཉིས་མེད་དང་ལ་དོན་ཀུན་རྫོགས།། རང་བྱུང་རིག་པའི་རྒྱལ་པོ་ལ།། དྲན་འབྱུང་རིག་པའི་འདུ་ཤེས་མེད།། སྔགས་དང་ཕྱག་རྒྱ་མཆོད་པ
324b3 དང་།། དཀའ་སྤྱད་ཆེར་བྱས་མ་ལུས་པ།། བཙལ་མེད་ལྡོག་པའི་རི་བོ་འདིས།། བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ།། བྱ་བ་མ་ལུས་ཀུན་བཏང་ལ།། མ་བྱས་མ་བཙལ་ཅི་རོ་མི་འཛིན།། འདུ་ཤེས་མེད་པར་རང་བཞིན་ཞོག། རང་བྱུང་བ་དེར་བཞག་གྲོལ་བར་འགྱུར།།
324b4 སྟོང་ཉིད་མ་བཅོས་གསང་བའི་ཀླུང་།། མ་བཙལ་རང་བཞིན་བཞག་པས་གོ།། གོམས་པ་རིག་པའི་དོན་ལ་འདུག། བདེ་མེད་བཏང་སྙོམས་ཐ་མ་ལ་སེམས།། འདོད་ཆགས་བདེ་མཆོག་རོ་དང་ལྡན།། ཡེ་ཤེས་འོད་གསལ་བདེ་ཆེན་པོ།། མ་ལུས་སེམས་ཉིད་དྲི་མ་མེད།།
324b5 རང་བཞིན་དག་པའི་སེམས་ཉིད་ལ།། མ་བཙལ་དེ་བཞིན་ཆ་སྙོམས་ན།། རང་བྱུང་བདེ་མཆོག་རྒྱ་ཡིས་བཏབ།། དོན་ལ་མི་གཡོ་རེག་པ་གསལ།། ཐེག་ཆེན་སེམས་ཉིད་རྫོགས་པ་ལ།། ས་བགྲོད་ལམ་ལ་ལྟོས་མི་འཆའ།། རྩོལ་དུ་མེད་དེ་ལྷུན་གྱིས་གྲུབ།། བསྒྲུབ
324b6 ཏ་མེད་དོ་ཡེ་སངས་རྒྱས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་རྒྱུད་ལས། རང་བྱུང་རྫོགས་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་དེ་བཞིན་གཤེགས་པ་རང་བྱུང་རིག་པའི་རྒྱལ་པོས། ཉིད་ཀྱི་རང་བཞིན་ཀུན་ཏུ་གསལ་བར་མཛད་དེ། འདི་སྐད་ཅེས་གསུངས
324b7 སོ།། དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པ།། རིག་པའི་རྒྱལ་པོ་རང་བྱུང་བྱང་ཆུབ་སེམས།། ལྷུན་རྫོགས་བདེ་ཆེན་སེམས་ཉིད་རྫོགས་པ་ཉིད།། དུས་གསུམ་རྒྱལ་བ་ང་ཉིད་རྫོགས་སངས་རྒྱས།། མ་བཅོས་བྱང་ཆུབ་སེམས་ལ་བཞུགས་པས།། མ་མཐོང་མི་ཟར་འཁོར




iiif viewer powered by OpenSeadragon

324a - 325a

Texts on this page

Gdg006.41 - rdo rje sems dpa' nam mkha' che gsang ba'i snying po rnal ma don gyi rgyud