| | e-texts navigator
|
324a1 པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དེས།། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། བདེ་འ་ཆེན་པོ་དང་གིས་གསལ་བའི་ཐུགས།། གཉིས
324a2 མེ་དང་ངལ་མ་ལུས་ཀུན་རྫོགས་པས།། སྙིང་པོའི་སྙིང་པོ་རང་བཞིན་སྟོང་པའི་ལམ།། བདེ་ཆེན་ནམ་མཁའི་མཐའ་མཉམ་པ་ཡི་རོ།། སྙིང་པོ་མཆོག་སྟེ་དོན་ལ་རྫོགས་པར་གནས།། མ་སྐྱེས་འོད་གསལ་བདེ་བ་ཉིད་རྟོགས་ན།། བདེ་མཆོག་ནམ་མཁའི་ཁམས་སུ་མི་ཤོང
324a3 ངོ།། ཡངས་སོ་ཆེའོ་ཐིག་ལེ་གཅིག་གི་དང་།། སྙིང་པོ་གཅིག་ལ་རྟོགས་ཚུལ་མཐའ་ཡས་པས།། འབྲས་བུ་ཁྱད་པར་གྲངས་ལས་འདས་པར་གསུངས།། མ་སྐྱེས་སྙིང་པོ་སྒོ་སྤར་མེད་པའི་དབྱིངས།། སངས་རྒྱས་སེམས་ཅན་མ་སྐྱེས་སྙིང་པོར་མཐོང་།། སྙིང་པོ་མ་མཐོང
324a4 རྫོགས་པའི་སེམས་ཉིད་མཐོང་།། མཐར་ཐུག་མེད་ཅིང་དབྱིངས་ལ་བྲི་བ་མེད།། རང་བྱུང་བ་དེ་ཆེན་དོན་འདི་ཁྱད་པར་འཕགས།། སྒྲ་བརྗོད་ཚིག་ལ་དགའ་བས་དོན་མི་ཏོག། སྙིང་པོའི་སྙིང་པོ་བསམ་བརྗོད་ཅིང་མི་དམིགས།། མ་བསམས་བསམ་པ་གཉིས་མེད་གཅིག་གི་མཐའ།།
324a5 མཐའ་དང་དབུས་ལ་མི་གནས་མངོན་རྟོགས་བྲལ།། མེ་ཏོག་མི་བསམ་དེ་བཞིན་ཉིད་ལ་གནས།། བདེ་ཆེན་རང་རིག་ཅིར་ཡང་མི་རྟོག་པ།། རྩོལ་བྲལ་རིག་པའི་དབྱིངས་ལ་གནས།། བདེ་མཆོག་གསང་བའི་ཐིག་ལེ་ཉིད།། ནམ་མཁའ་ཁྱབ་པའི་ཚུལ་དུ་གནས།། མ་སྐྱེས་སྙིང་པོ་བྱང
324a6 ཆུབ་སེམས།། འདུ་འབྲལ་མེད་པའི་ངང་ལ་བཞུགས།། རང་བྱུང་བྱང་ཆུབ་སྙིང་པོ་ལ།། མ་བཙལ་མ་བསྒྲུབས་རང་བཞིན་བཞག། གང་དག་ཡེ་ཤེས་དང་ཡིན་ཡང་།། བསམ་པའི་ངོ་ལ་ཕྱིན་ཅི་ལོག། སྨྱིག་རྒྱུ་ལ་ནི་ཆུ་བློ་བཞག། དོན་ལ་བཞག་བླང་མེད་ན་ཡང་།།
324a7 བདགས་པ་འདུ་ཤེས་པས་མ་བྱབ།། བྱང་དུ་སེམས་ཀྱི་ད་།། བླནད་ག་དུས་པ་ཏམ་པང།། གང་དག་རིག་པ་མེད་པར་ག་ས།། འདི་དག་འདེ་ག་མཆོག་ཡིན།། སེཾན་ཙོ་ཉིད་པོམཚན་ནི་དང།། མ་ཀྱིལ་བྱུང་མཆོག་ག་གས།།
iiif viewer powered by OpenSeadragon
323b - 324b