e-texts navigator
Collection
Volume
Page
Wylie

323a1 སེམས་དང་བྲལ།། མ་བཙལ་མ་བསྲུབས་ཐབས་ཀྱི་གནས།། ཡངས་པ་མདད་ཅི་དག་པ་ཞོག། མ་མི་བསྡུ་ཡན་དུ་བྷ།། མ་བསྒོམས་ཡལ་བར་བཞག་པས་རྟོགས།། མི་བསམ་མི་སྤྱོད་ཡུལ་མཚོལ།། རྒྱའོ་ཆགས་བྲལ་བྱུང
323a2 ལུང་གསུམ་འདུས་པའི་སྙིང་པོ་འདི།། རྩ་གསུམ་ཀུན་འདུས་གསང་བའི་གཏེར།། རང་བྱུང་སེམས་ཉིད་ཀློང་གདལ་བས།། རྣམ་པར་དབྱེ་བའི་ཆོས་མེད་པས།། རོལ་པའི་ཡོན་ཏན་ཁྱད་པར་གྱིས།། ཀློང་དགུ་སེམས་ཉིད་བསྟན་པར་འཆད།། ལྟ་བ་རང་བྱུང་རྫོགས་པའི་ལུང་།།
323a3 མ་ལུས་ཀུན་འདུས་རྣམ་པར་དག། ཐིག་ལེ་གཅིག་ཏུ་ཀུན་རྫོགས་པས།། དང་བྱུང་སྙིང་པོ་གཅིག་ལ་རོལ།། གསང་བའི་ཐིག་ལེ་ཀུན་གྱི་དབྱིངས།། མུ་མཐའ་མེད་པར་རང་བཞིན་གནས།། ཐམས་ཅད་གསང་བ་རང་བྱུང་སེམས།། རང་རིག་མ་རིག་རྣམ་པར་དག། རྟོག་འཕྲུགས
323a4 རིག་པའི་འདུ་ཤེས་སྤངས།། རིག་པ་ཏིང་འཛིན་གཏེར་གྱི་ལུང་།། རི་དོགས་མེད་པའི་དབྱིངས་ལ་རོལ།། རང་རིག་ཡུལ་དབྱིངས་ལ་མི་གོས།། ཀུན་བཟང་སྐྱོང་ཉིད་མ་བཅོས་པས།། ཀུན་བཟང་ཐབས་ཀྱི་ཁྱང་བར་དྲན།། མ་འདྲེས་གསལ་བར་རྫོགས་པའི་ཕྱིར།། 648




iiif viewer powered by OpenSeadragon

322b - 323b

Texts on this page

Gdg006.41 - rdo rje sems dpa' nam mkha' che gsang ba'i snying po rnal ma don gyi rgyud