e-texts navigator
Collection
Volume
Page
Wylie

321a1 པོ་དག་པདོན་གྱི་རྒྱུད།། དཐཱ་ཐེག་པའི་ཡང་སྙིང་འདི།། ཡེ་ཤེས་ཐུག་མརྫོགས་པ་སྟུག། མིའང་འ་ཉིད་མན་དོན།། འདུ་ཤེས་སྤྱོད་བ་མ་ལུས་ཟད།། རྔ་མེད་སེམས་ལ་ཁྱེན་ཐལ་བས།། ལྷའི་རིག་འབྱུང་བག་ལ་ཡོད།། ཡནས།
321a2 ཟིན་པས་བྱ་བ་མེད།། ལྷུན་གྱིས་རྫོགས་པས་བསལ་པ་མེད།། རད་ལ་རྫོགས་པས་བསླབ་ཏུ་མེད།། དམིགས་མེད་དོན་ལ་བསྒོ་མ་དུ་མེད།། དུས་གཅིག་རྫོགས་པས་བགྲོད་དུ་མེད།། ཡེ་ཤེས་རིག་པའི་ཕྱཀ་རྒྱལ།། ནམ་མོ་ལ་འབྲས་བུ་ཀྲ་རྫོགས་ལྡན།། གསང་བང
321a3 བྱུང་རིག་པའི་སྒྲ།། བརྗོད་པ་མ་ཡིན་དོན་གྱིས་ཤེས།། འདི་ལྟར་གཅིག་ཏུ་གནས་པ་ལ།། ཐ་དད་མཐོང་བ་འཁྲུལ་པའི་ལམ།། སྙིང་པོ་སེམས་ཉིད་རྫོགས་པ་ལ།། དྲན་དང་དབང་པོ་ཡིད་བྱེད་མེད།། ལུས་དང་ངག་སེམས་རྩལ་གནས་མེད།། ཅི་འདིར་གནས་པ
321a4 དགག་བསྒྲུབ་མེད།། ཅེས་གསུངས་སོ།། སྙིང་པོ་རྣལ་མངོན་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩོལ་མེད་རིག་པའི་རྒྱལ་པོས། ལྡན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས
321a5 ནས་འདི་སྐད་ཅེས་གསུངས་སོ།། མ་བཙལ་ལྷུན་གྲུབ་མ་བཅོས་ཆོས་ཀྱི་དབྱིངས།། མཚོལ་མ་བྱས་ཡེ་ནས་ཇི་བཞིན་ཉིད།། རང་བྱུང་གསང་བའི་དབྱིངས་འདི་བརྗོད་བྲལ་ཏེ།། མཚོན་དང་བརྟགས་ཤིང་དཔྱད་པའི་ཡུལ་ལས་འདས།། དུས་གསུམ་རྣམ་དག་རིག་པ་དབྱར
321a6 མེད་པས།། རིག་པ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས།། མ་བསགས་མ་སྦྱངས་ཡེ་སངས་རྒྱས་པའི་ཀློང་།། མཐའ་བྲལ་རིག་པའི་ཀློང་ལ་བསམ་ཞིང་བརྗོད་དུ་མེད།། ཡེ་ནས། ཀུན་རྫོགས་བདག་ཉིད་ལྷུན་རྫོགས་པ།། ས་ལ་མི་བགྲོད་ལམ་ལ་མི་སྦྱང་ཞིང་།། མ་རྟོགས
321a7 ཏིང་འཛིན་སྤྱད་པ་སྒྱུ་མའི་ནད།། མ་བཙལ་རང་བཞིན་བཞག་པས་གྲུབ་པ་ཡིན།། མ་ཡེངས་ཀློད་དུ་ཞུགས་ན་བསྒོམ་པ་ཡིན།། རིག་པ་གཅིག་ལ་རྫོགས་པས་འདུས་པ་ཡིན།། རང་བཞིན་འདའ་བ་མེད་པས་དམ་ཚིག་ཡིན།། མཅོལ་ལྡན་གྱིས་གྲུབ་པ་འབྲས་བུ་ཡིན།།




iiif viewer powered by OpenSeadragon

320b - 321b

Texts on this page

Gdg006.41 - rdo rje sems dpa' nam mkha' che gsang ba'i snying po rnal ma don gyi rgyud