| | e-texts navigator
|
319b1 ནམི་གང་རྩལ་ལྡན་དེ་ཤུགས་ཀྱིས།། རྩལ་མེད་ནོན་བཞིན་རྗེས་སུ་གསལ་བས་ན།། དཔེར་ན་ཁྱུང་སྤོང་ནང་ནས་བྱ་བ་ཏོན་བཞིན།། རྣམ་སྨིན་ལུས་དང་བྲལ་ནས་དོན་དྲན་ཏེ།། གཙང་མ་རིས་ཀྱི་ལྷར་ནི་སྐྱེས་ནས་ཀྱང་།། མངོན་པར་འབྲས་བུ་སངས་རྒྱས་ཡེ་ཤེས་འབྱུང་།། དེ་ཡང་སེམས
319b2 དཔའ་རྡོ་རྗེ་སྙིང་པོ་ཉེན།། རྟོགས་པར་བགྱི་བློ་དངོས་གཅིག་པའི་ཕྱིར།། ལྟ་བའི་རྒྱུན་ལ་ཡེངས་པ་མི་འབྱུང་ཕྱིར།། ལུས་ཀྱི་སྒྲིབ་གཡོགས་བྲལ་བའི་སྐད་ཅིག་ལ།། འབྲས་བུ་སངས་རྒྱས་རྒྱལ་པོ་ཆོས་ཀྱི་སྐུ།། དཔེ་མེད་ཀུན་བཟང་ཡེ་ཤེས་ཐུགས་ཀྱི་ཐུགས།། ནམ་མཁའི་མཐ།
319b3 སུ་ཉི་ཤར་མུན་པ་མེད།། དེ་བཞིན་རྣལ་འབྱོར་ལུས་བྲལ་སེམས་ཉིད་ལ།། མ་རིག་མེད་པར་ཆོས་ཉིད་གསལ་བའི་ཕྱིར།། སངས་རྒྱས་ཡེ་ཤེས་ཐུགས་ལ་འཆར་ནུབ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཁོར་འདས་གཉིས་ཀྱིས
319b4 འདུས་པ་འོ་རྗེ་སྙིང་པོ་ཉན།། སྤྱོད་པ་ཚུལ་འཆོས་བྱེད་ཅིང་སློབ་དཔོན་སློངད།། ནོར་ཕངས་ཆོས་འདོད་ཐབས་ཀྱིས་འདྲིད་པ་ལ།། ཡེ་ཤེས་གཏིང་རྟགས་རྒྱུད་ཅེན་ལྷ་བ་ནི།། སྤྱོད་ངན་རྣམས་ལ་ནམ་ཡང་བསྟན་པར་མ་གསུངས་སོ།། བཀའ་བཞིན་མ་བྱས་དོན་གྱི་སྙིང་པོ་ཆོས།
319b5 འཇིག་རྟེན་ནོར་ཕྱེ་དོན་སྟོན་རྣལ་འབྱོར་ལ།། སངས་རྒྱས་དཀོན་མཆོག་བཀའ་ཆད་འབྱུང་ངེས་ཕྱིར།། འཇིག་རྟེན་མཁའ་འགྲོ་དམ་ཅན་སྨོས་ཅི་དགོས།། གནོད་སྦྱིན་སྲིན་པས་སྲོག་བཅིད་མནང་མེད་སྲུང་།། ད་ཡང་འཁོར་གྱི་སེམས་དཔའ་ཡིད་ཀྱིས་ཉོན།། བསྟན་པ།
319b6 འཇིག་པའི་དུས་འདི་ཚོས་རྣམས་བྱེ།། སྙིང་བསྔགས་ཆེན་དནང་དི་དྲུང་འགྱུར་བས།། ཁྱོད་ལྡནརྣལ་འབྱོར་འགའ་ལ་གཏད་པ་ལང།། ད་མེ་གང་དགྲ་རྣམས་ཀྱི་སྤྱོད་སྲུ་མེད།། འཁོར་རྣམས་ཅན་ཀྱང་ངེས་པར་དེང་ཞིག། ལན་ཅིགརྡུལ་འབྱོར་ལས
iiif viewer powered by OpenSeadragon
319a - 320a