| | e-texts navigator
|
318a1 བཀའ་སྩལ་པ། དོན་མེད་དམྱལ་དྲེགས་པས་མཁས་འདོད་པས།། རང་གི་བལྟ་བས་ཡ་རབས་མཐོ་བཞེད་ནས།། རྩིག་ལ་མཉམ་སྟོར་མཁས་པའི་བླ་མེད་ཀྱང་།། དམཆོག་ཕྱལ་པོར་བྱང་ཆུབ་སེམས་སྤངས་ནས།། ལོག་འཕྱེམ་བོང་གསོག
318a2 བདེན་ཚིག་ཅི་སྨྲས་ཀྱང་།། འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར།། གནམ་ལྗགས་མཁའ་ལས་འདམ་དུ་བྱིང་བ་བཞིན།། དམྱལ་བར་ངེས་འགྲོ་གཏན་དུ་སྙིང་པོ་རྗེ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། གསང་སྔགས་གསང་བའི་ལྦ་བའི་སྒོར་ཞུགས་ནས།།
318a3 ཡང་དག་རང་སེམས་དོན་ལ་མ་འདུད་པར།། མི་ཆོས་ཟང་ཟིང་ལུས་ངག་ལས་བྱེད་པས།། རི་བོས་སྲོག་ཆགས་འོག་ཏུ་མནན་པ་ལྟར།། མི་ཤེས་རང་གི་ང་རྒྱལ་བསྙེམ་བྱེད་པ།། ནམ་ཡང་སངས་རྒྱས་བྱང་ཆུབ་ཐོབ་མི་སྲིད།། དེ་ཡང་སེམས་དཔའི་སྙིང་པོ་དེ་ཉོན་ཅིག། རྒྱ་མཚོའི
318a4 དབྱིངས་ཀྱི་ཕ་བོང་དཀྱིལ་སྐམས་ལྟར།། ཐེག་པ་འོག་མའི་སྡེ་སྣོད་ཆོས་མཉན་ཀྱང་།། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར།། ཚིག་ཙམ་ལུང་ལས་ཆོས་ཀྱི་ཁུངས་ཕྱུང་ནས།། བྱར་མེད་ཆོས་ལ་ང་རྒྱལ་བློ་བརྟན་ནས།། ལུས་ངག་རྩིང་ཆོས་ཕད་ཧྲ་ལ་སྤྱོད་བྱེད་པས།། རང་སེམས
318a5 བཀག་ཀྱང་འཁོར་བར་མི་སྐྱོབས་ཏེ།། སྡུག་བསྔལ་ཡངའི་འབྲས་བུའི་ཚོམ་མེད།། བལྟ་བ་ཉམས་པའི་སྐྱོན་དུ་བཤད་པའི་ཕྱིར།། ཤིན་ཏུ་རྣལ་འབྱོར་དོན་ཉིད་རྟོགས་པག་ཅེས། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་རྒྱུད་ལས།། རྣལ་འབྱོར་པའི་བལྟ་བ
318a6 ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་ཡང་ཀུན་རིག་རྣམ་པར་སྣང་མཛད་ཀྱིས།། རྣལ་འབྱོར་བལྟ་བ་ཉམས་ན་སྐོང་བའི་ཐབས།། འདུས་པའི་ཚོགས་ལ་ཆེད་དུ་བཀའ་སྩལ་པ།། རང་གི་བྱང་ཆུབ་སེམས་ཉིད་མ་རྟོགས་ན།། མ་ཧཱའི
318a7 ཡོ་གའི་ཆོས་ཀྱི་ཚོགས་མཆོད་ཕྱིར།། རྒོང་བཤགས་ཕྲིན་ལས་གཞུང་དུ་བྱས་གྱུར་ཀྱང་།། རྣལ་འབྱོར་ལྟ་བ་ཉམས་པ་བསྐང་མི་འགྱུར།། དེ་ཡང་སེམས་དཔའ་རྡོ་རྗེ་ཡིད་ཀྱིས་ཉོན།། བླ་མ་བརྒྱད་པའི་གདམས་ང་གདོན་ལྡན་ལ།། རང་སེམས་དབང་དུ་འཙུགས་ནས་དོན་ཀུས་ནས
iiif viewer powered by OpenSeadragon
317b - 318b