| | e-texts navigator
|
317b1 བཟང་པོ་ཡིན་པའི་སེམས་ཀྱིས་དང་རྒྱུ་དང་།། ག་ཤིན་རྗེའི་འཇིགས་པ་བྱུང་ཡང་ཉམ་མིང་།། གཉིས་པ་འཁྲུལ་བར་རྟོགས་ཕྱིར་སྲང་ལན་མེང་།། ལྟ་བ་གདང་ལྡན་ཉམས་སྟོང་ཡིན་པའི་རྟགས།། ཟག་པའི་བྱེ་བྲག་ཆོས་རྣམས་ཅ་གསུངས་ཀྱང་།། དོན་ལ་བཟང་དྲན་མད
317b2 རྟོགས་ཕྱིར་ན་སྤྲོ་སྲུར་བྲལ།། ཆོས་ལ་བཟོད་པ་ཐོབ་པའི་ཉམས་མྱོང་རྟགས།། ལུས་ངག་ཡིད་གསུམ་སྡུག་བདེ་ཅི་བྱུང་ཡང་།། སྐྱོན་ཡོན་མི་བལྟ་རང་སེམས་འཁྲུལ་པའི་ཕྱིར།། སྔ་ཕྱི་མེད་པར་ལྟ་བའི་གདོང་ལྡནན།། ཆོས་ཉིད་རང་གསལ་ཉམས་སུ་མྱོང་བའི་རྟགས།།
317b3 ལུས་དང་མི་མཐུན་པ་ཡིན་དང་བགེགས།། བྱུང་ཡང་བག་ཆགས་དང་ནི་ཉོན་མོངས་པ།། རྟོག་པ་བརྟས་པ་ཉིད་ལས་མ་གཏོགས་པ།། ཞེན་པ་མེད་ཕྱིར་ཆོས་སྒྲ་དང་པ་ཡིས།། མི་གཏོང་དྲན་པར་བྱེད་པའི་རྣལ་འབྱོར་པ།། དངོས་གྲུབ་རྩོལ་མེད་དགོངས་པ་ཉམས་མྱོང་རྟགས་།
317b4 དེ་ཡང་འདུས་པའི་སྙིང་པོ་དེ་ཉོན་ཅིག། བྱང་ཆུབ་སེམས་ལ་སྔ་ཕྱི་མེད་པའི་ཕྱིར།། འཇིག་རྟེན་མཐོན་དམར་གར་སྐྱེས་ལུས་ཉིད་ཀྱང་།། སྐྱེ་འགག་མེད་པའི་སེམས་ལ་སེམས་གནས་ན།། འདུ་འབྲལ་མེད་པའི་དགོངས་པ་ཉམས་མྱོང་རྟགས།། རྟགས་ཆེན་དེ་ལྡན་རྣལ
317b5 འབྱོར་རྣམས་ཀྱིས་ནི།། ཅི་སྤྱོད་ཐམས་ཅད་ཡེ་ཤེས་སངས་རྒྱས་ཐུགས།། མི་ལི་ལུས་ལ་སྒྲིབ་གཡོགས་འདི་ཉིད་ལ།། ལྷ་མི་རྣམས་ཀྱིས་ཕྱག་འཚལ་མཆོད་པར་འགྱུར། རྫོགས་པ་ཆེན་པོ་བལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱལ་པོའི་ཐུད་ལས། རྟགས་བསྟན་པའི་ལ
317b6 སྟེ་ཉི་ཤུ་རྩ་གཉིས་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེ་སྙིང་པོ་ཡིས།། དད་ལྡན་འཁོར་ལ་ཕན་གདགས་ཕྱིར།། མཉམ་པའི་རྒྱལ་པོ་ཀུན་བཟང་ལ།། ཡིད་ཀྱི་དྲན་པས་འདི་སྐད་དོན་གསོལ་པ། བལྟ་བ་ཉམས་པའི་རྣལ་འབྱོར་སྐྱོན་ནི་གང་།། དེ་ལ་སྒོར
317b7 པས་ཇེ་སྐར་བསྟན་པར་བཀྱེ། བསྐངས་པའི་འབྲས་བུ་ཇི་ལྟར་འབྱུང་།། འཁོར་འདས་ས་མཚམས་བག་ཆགས་གང་གིས་གཟུང་།། དེ་ཡི་གདམས་དག་རྣལ་འབྱོར་གང་ལ་གད།། མཉམ་པའི་ཡེ་ཤེས་རྒྱལ་པོས་ལུང་བསྟན་གསོལ།། དེ་སྐད་ཞུས་པའི་དོན་གསན་ཉིད
iiif viewer powered by OpenSeadragon
317a - 318a