e-texts navigator
Collection
Volume
Page
Wylie

316a1 གཞགསངས་རྫས་ཆོས་སུ་མེན།། དཏྟ་དུ་སེམས་མ་རྟོགས་དག་འཇུས།། ད་བྲས་བུའི་བྱུང་དབྱེ་བཞིནན།། བསྐལ་པ་སྣང་དུ་ཚུགས་ན་བསགས་བྱས་ཀྱང་།། འབྲས་ཐ་གཟུགས་སྒྲའི་ས་ས་རྒྱས་འགྱུ་མ་འགྱུར།། དེ
316a2 འདུས་པའི་དང་ལྡན་འཁོར་རྣམས་ཉོན།། གསེར་སྦྲུལ་མིག་གིས་འདོད་པ་ལོ་ཡོན་ཏན་ལ།། དུས་གཅིག་ཉམས་མྱོང་དཔེ་བཞིནན་ལ་འབྱོར་པས།། ངོ་བོ་ཉིད་ཀྱི་ཆུ་རྟོགས་ཆོས་ཀྱི་མུ།། དེ་ལ་རིག་པས་ལོངས་སྤྱོད་རྫོགས་པའི་སྐུ།། སྣ་ཚོགས་ཉིད་ནབས་ལ་རྡེབས་སྤྲུལ་པའི
316a3 ལས་མེད་རྟོག་པར་དཀའ་ཕྱིར་གསང་བའི་སྐུ།། བློ་དངོས་གཅིག་ཕྱིར་མངོན་པར་བྱང་ཆུབ་སྟེ།། དེ་རྣམས་གཅིག་གི་ཡོན་ཏན་ལྔ་འབྱུང་བས།། སངས་རྒྱས་འགྲོ་དོན་བཙལ་མེ་དགོས་པའི་ཕྱིར།། སེམས་ཅན་རྣམས་ལ་རང་སེམས་ཆོས་ཀྱི་།། རྫོགས་པ་ཆེན་པོ་ཡེ་ཤེས་གཏིང
316a4 རྫོགས་ཀྱི་རྒྱན་ལས། ཆོས་སུ་རྟོགས་ནི་གཟུགས་སུ་འབྱུང་བར་བསྟན་པའོ་ཁེ་ཝ་སྟེ་ཉི་ཤུ་པའོ།། ། དེ་ནས་ཀུན་དག་སྟོན་པས་འདུས་པའི་འཁོར་རྣམས་ལ།། ཐེ་ཚོམ་གེགས་ནི་བསལ་ཐབས་བཀའ་སྩལ་པ།། འཁོར་འདས་སྤྱི་ཡི་མཚན་ཉིད་སེམས་ཡིན་ཏེ།།
316a5 ན་ཀུན་ཀྱང་ཡིན་ཕྱིར་མ་རྟོགས་མིན།། ཨ་ཏི་ཐིག་ཆེན་སྙིང་པོ་རྫོགས་པའི་ཕྱིར།། ཡོད་མེད་གང་ངེས་རྟག་ཆད་སྐྱོན་ཡིན་ཕྱིར།། མ་དེས་རྒྱུ་འབྲས་ལོག་པའི་ཁ་ཟེ་བ།། སངས་རྒྱས་འབྲས་བུ་མཐོབ་སྙིང་རྗེའི་གནས།། དེ་ཡང་འདུས་པའི་འཁོར་ཚོགས་ཡིད་ཀྱིས་ཉོན།། འཇིག
316a6 དེན་པ་དང་འདས་པའི་ཆོས་རྣམས་ཀུན།། གཉིས་ཀའི་གཞི་ནི་ངོ་བོ་ཆོས་སྐུར་ངེས།། ཡུལ་གྱི་སྣང་བ་མ་དེས་སྣ་ཚོགས་པ།། བླང་དོར་མེད་ཕྱིར་ཆོས་རྣམས་ལྷུན་གྱིས་གྲུབ།། འདུས་པའི་སྙིང་པོའི་གཙོ་བོས་དོན་གསོལ་པ།། ཡུལ་ཉིད་སེམས་ལས་སེམས་ཉིད་ཡུལ་ཡིན་ལ
316a7 ཡུལ་ཉིད་ཡིན་ཕྱིར་ཡུལ་ལ་ཇུག་བསྔལ་རིགས།། སེམས་ཉིད་ཡུལ་ན་རང་རིག་བེམས་པོར་ཐལ།། སྲང་སྡུད་མི་ཤེས་ཞེན་པ་སྐྱེ་བའི་སྒོ།། དེ་ཕྱིར་རྫོགས་ཆེན་ཆོས་སུ་བླ་མེད་གང་།། དེ་ཡང་འཁོར་གྱི་སྙིང་པོ་ཡིད་ཀྱིས་ཉོན།། ཡུལ་ཉིད་ལྡང་སྤུར་ཞེན་པ་རྣམ




iiif viewer powered by OpenSeadragon

315b - 316b

Texts on this page

Gdg006.40 - rdzogs pa chen po lta ba ye shes gting rdzogs kyi rgyud