| | e-texts navigator
|
313b1 གདེར་ལྡན་པ་ལྟ་བའི་དམ་ཚིག་རྐུན་དུ་དྲན།། ཆེད་དུ་མ་ཡིན་ང་གིས་དོན་གསལ་བས།། ཡེ་བསྲུངས་ཆེན་པོ་འདམ་ཚིག་ལྟ་བ་ཡིན།། ཡེ་ནས་འདས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། ཐེག་པའི་ཁྱད་པར་ཇི་སྙེད་གྲགས་པ་དང་།། ཚུལ་ཁྲིམས་སྡོམ་དང་ཕྱི་ནང་དམཚིག
313b2 ཀྱར།། འགྲོ་བ་གདུལ་བྱ་ཇི་ལྟར་འདི་ལ་བསྟན།། ཐ་སྐད་ཙམ་དུ་གདུལ་བྱ་ཞེས་བརྗོད་ཀྱང་།། དམ་དུ་བཅའ་བར་བྱ་བ་རྡུལ་ཙམ་མེད།། དམ་བཅའ་མེད་པའི་དོན་གྱི་དང་རྟོགས་ན།། དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ།། འདུས་པའི་སྙིང་པོ་རྡོ་རྗེ་སེམས་དཔའ་ཉན།། ཆོས
313b3 སྐུ་མིག་ཡོ་ཐུགས་ཀྱི་དམ་ཚིག་སྟེ།། བླང་དོར་མེད་པར་སྤྱོད་པ་དམ་ཚིག་ཆེན་པོ་ཡིན།། རང་སེམས་མི་སྤང་ཡེ་ཤེས་ཆེན་པོར་གནས།། དུས་གསུམ་དོན་དམ་མ་བྲལ་ཉམས་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཉིད་རྫོགས་ཀྱི་རྒྱུད་ལས། དམ་ཚིག་བསྲུང་ཉམས
313b4 མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། བསྒོམས་ན་གོ་ལ་སར་གྱུར་པ་འཁྲུལ་པའི་ཕྱིར།། རང་གི་སེམས་ཉིད་མ་རྟོགས་རྩོལ་བ་སྟེ།། ཕྱི་ཡི་ཡུལ་གྱི་རྩོལ་བས་སེམས་བསྡུས་ནས།། འོག་མའི་ལྟབ
313b5 འདོད་ལུགས་རྣམ་བཞི་ལ།། གཉིས་མེད་ལྗང་སྟོང་ཁས་མི་ལེན་པ་རྣམས།། སོ་སོར་རྟོག་པའི་རིག་པས་གཞལ་བྱས་ནས།། གསལ་བ་སྤྱོད་པའི་མཉམ་གཞག་དོན་བསྒོམས་པས།། དྲུག་ལ་སྒོམ་པའི་གང་ཟག་ལ།། བྱིང་ནོད་མཐའ་དག་ཤེས་བཞིན་བྱུར་བྱེད།། དེ་ཉིད
313b6 བལྟ་བ་མ་ཤེས་གཏི་མུག་སྟེ།། གསལ་ལ་མི་རྟོག་བསྒོམ་དང་འདོད་ཆགས་བསྒོམ་པ་རྣམས།། བདེ་ལ་མི་རྟོག་ཞེན་པའི་ང་རྒྱལ་ཅན།། འཁོར་བ་མེད་དང་ལུང་དུ་དོགས་པའི་ཞེ་སྡང་གིས།། མི་དམིགས་དོན་ལ་གཟའ་གཏད་བྱས་ནས་བསྒོམ།། རྩོལ་བས་བསྒོམས
313b7 ཀྱང་ཡུལ་ལ་འགྱུར་མེད་ཕྱིར།། མི་རྟོག་འདོད་ཕྱིར་རྩོན་པར་དོད་ལ། ག་པ་ཉིད་དུ།། དགག་ཏུ་མེད་པ་ཙམ་དུ་ཐོས་བཟུང་ནས།། གསལ་བ་དེ་མི་དམིགས་ཆེད་དུ་བསྒོམས་པས་ནོར།། ཡུལ་ལ་གཏན་ཚིགས་གཞིག་པས་སྨོས་ཅི་དགེས།།
iiif viewer powered by OpenSeadragon
313a - 314a