e-texts navigator
Collection
Volume
Page
Wylie

313a1 མེད་དམ་གྱིས་གོས་པ་མེད།། ཆོས་ཉིད་བླང་དོར་མེད་པར་རྟགས་གྱུར་ན།། ཡེ་ཤེས་རྟག་མེད་ཉམས་རྡུལ་ཙམ་མེད།། ཐུན་མཚམས་མི་བསྒོ་བརྒྱན་གྱི་རྣལ་འབྱོར་ལ།། འཆང་གྲོལ་སྤྱོད་པ་མེད་ཊཱི་དགོས་པ་མེད། རྫོགས་པ་ཆེན
313a2 པོ་ལྟ་བ་ཡེ་ཤེས་གཏོར་རྫོགས་ཀྱི་རྒྱུད་ལས། སྤྱོད་པ་འམིང་གྲོལ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཀུན་རིག་སྟོན་པ་ཆོས་མེས་བཀའ་སྩལ་པ།། འདུས་པའི་འཁོར་རྣམས་ཡིད་ཀྱིས་ད་ཉོན་ཅིག། ས་མེད་ཆོས་སྐུ་རྫོགས
313a3 ཆེན་ཡེ་ཤེས་ལ།། གང་ཡང་མི་འགྲོས་མཆོག་སྤྱི་བཙངས་པ།། བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ།། ཡེ་ཤེས་ཆོས་སྐུ་མདའ་ཕྱིན་ཆོས་ཉིད་ས།། སེམས་དཔའ་རྡོ་རྗེ་སྙིང་པོར་ཉོན་ཅིག། ས་ནི་དང་པོ་འཁོར་བར་མི་ལྡོག་པར།། སྙིང་པོ་བྱང་ཆུབ
313a4 མཆོག་ནི་ཡིན་ཞེས་ན།། བཟའ་ཞིང་བགྲོད་པའི་ཡུལ་ནིག་ལ་ཡོད།། བྱར་མེད་རྫོགས་པའི་དང་དུ་རབ་རྟོགས་ན།། ལམ་ལ་བཟའ་ཞིངས་སྤྱད་ཡུལ་ལས་འདས།། དགྲོང་མེད་སྙིང་པོ་ལམ་གྱི་དོན་སྟོན་པ།། གཞན་ནས་བཙལ་བས་རྙེད་པར་མི་འགྱུར་ཏེ།། ཡེ་ཤེས
313a5 ཆེན་པོའི་ཀུན་ཏུ་ཁྱབ་གནས་པས།། རང་བྱུང་ཡེ་ནས་རང་རིག་འོད་གསལ་བས།། ས་ལམ་བཙལ་དུ་མེད་པ་སྙིང་པོ་འདྲོན།། རྣམ་པར་སྣང་མཛད་ཆེ་མཆོག་ཀུན་ཏུ་བཟང་།། དེ་ཡང་སེམས་དཔའ་རྡོ་རྗེ་སྙིང་པ་ཉོན།། དཔེར་ན་རྒྱལ་པོ་གཞན་དུ་མི་འགྲོ་བཞིན།། དང
313a6 སེམས་ཡུལ་ལ་མི་བཁྱོད་དོན་ལ་གནས།། དེ་ཙམ་ཉིད་ན་ཆོས་སྨྲ་བདེ་བའི་ཀློང་།། ལམ་ལམ་བགྲོད་ཆོས་ཉིད་ཡེ་ཤེས་སྒྲ།། ས་དང་ལམ་ལ་བགྲོད་ན་བྱང་ཆུབ་གེགས། རྫོགས་པ་ཆེན་པོར་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ས་ལ་སྤྱང་དུ་མེད་པའི
313a7 ལེའུ་སྟེང་ཅུ་བཞི་པའོ།། དེ་ནས་དད་པས་འདུས་པའི་འཁོར་རྣམས་ལ།། སུན་རིག་སྟོན་པ་ཆོས་ཀང་སྩལ་པ།། དམ་ཚིག་བསྲང་ཉམས་མེད་པའི་ཡེ་ཤེས་ནི།། འོག་མ་བཞིན་དུ་ངམདུམ་ལམ་ལས།། ཉམས་པ་མེད་ཕྱིར་ཡེ་བཅཝ་ཆེན་པོ་ཆེན




iiif viewer powered by OpenSeadragon

312b - 313b

Texts on this page

Gdg006.40 - rdzogs pa chen po lta ba ye shes gting rdzogs kyi rgyud