| | e-texts navigator
|
312a1 མི་གནས། མི་རྟོག་འཇོག་པ་རྣལ་འབྱོར་མིན།། སེམས་དཔའ་རྡོ་རྗེ་སྙིང་པོ་ཉོན་ཅིག། ཨ་ཏི་རྫོགས་ཆེན་ཆོས་སྐུ་བདེན་གཉིས་བྲུལ།། ངོ་བོ་ཉིད་ཀྱི་རང་ཤར་ཡེ་ཤེས་ནི།། ཡོད་མེད་དབུས་ཧཱུཾ་ཡེ་ཤེས་མཐའ་གསུམ་བྲལ།། པྲ
312a2 ལ་སྡང་སྡང་གཉིས་པོ་གདོད་ནས་མེད།། དཔེར་ན་ནམ་མཁའ་རང་དུ་ཤེས་པ་བཞིན།། ཇི་བཞིན་མ་ནོར་རང་སེམས་རྟོགས་པ་ཡིས།། ལུས་ངག་མ་སྐྱེས་རྟོག་པའི་གཞི་མེད་པས།། སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད།། དེ་བཞིན་སེམས་དང་རྟག་ཆད་སྤྲོས་བྲལ་བས།
312a3 ག་སྒོམ་པའི་ཁར་མི་འོང་།། ཡེ་ཤེས་ལྟ་བའི་ཐུགས་ལས་བྱུང་བས་ན།། རྣལ་འབྱོར་དམིགས་པའི་ཤེས་པས་མི་བསྒོམ་སྟེ།། རྟོགས་པས་རང་སེམས་མ་སྐྱེས་ཡེ་ཤེས་ཕྱིར།། རྡུལ་འགྱོར་ཆེད་དུ་བསྒོམ་པ་བསྟན་མི་དགོས།། སེམས་དཔའ་འདུས་པའི
312a4 དཔོར་ཉོན་ཅིག། ཡུལ་གྱི་སྣང་བ་སྤྱོད་ཡུལ་མ་གྲུབ་ཕྱིར།། ནམ་མཁའ་ལྟ་བུར་ཡེ་ཤེས་རང་གསལ་བས།། རང་སེམས་ཆོས་སྐུ་དང་གིས་དེ་རྟོགས་པས།། རྣལ་འབྱོར་ཅི་ཡང་ཡིད་ལ་མི་བསྒོམ་ན།། ཡང་དག་ལྟ་བའི་དོན་དང་མཐུན་པར་འགྲུབ།། སེམས
312a5 པའ་རྡོ་རྗེ་སྙིང་པོ་དེ་ཉོན་ཅིག། རྫོགས་ཆེན་གོ་ལས་གཅད་ཕྱིར་བསྒོམ་མེད་དེ།། ཡེ་ཤེས་བསྒོམ་མེད་དག་ཏུ་རབ་རྟོགས་ན།། བསྒོམས་ཀྱང་སྐྱེན་མེད་ཆོས་དབྱིངས་ནམ་མཁའ་འདྲ།། བསྒོམ་མེད་དེ་ནི་ཀུན་གྱི་རེ་བསྐོངས།། ཀུན་ལ། ཁྱབ་ཅིང་མ་རྫོགས་མེད་མོད་ཀྱི།། ཀུན
312a6 ས་གདམས་ངག་མ་འཕྲོད་རྟོགས་པར་དཀའ། རྫོགས་པ་ཆེན་པོ་ལྔ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། མ་བསྒོམས། བྲལ་བ་མེད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཆོས་རྗེས་བཀའ་སྩལ་པ།། འདུས་པའི
312a7 ཚོགས་རྣམས་ཡིད་ཀྱིས་དེ་ཉོན་ཅིག། རང་སེམས་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི།། དབང་པོ་མངོན་སུམ་མི་གནས་ཀུན་ལ་ཁྱབ།། ཆོས་སྐུ་ཚིག་ཏུ་འདི་ཞེས་བསྟན་པར་ནི།། རྡོ་རྗེ་སེམས་དཔས་ཀྱང་ནི་མཚོན་དུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། འཁོར
iiif viewer powered by OpenSeadragon
311b - 312b