| | e-texts navigator
|
306b1 དང་མི་ཚངས་སྤྱོད་པ་དང་།། ཕྱག་རྒྱང་མ་རྩོལ་གཞན་ལ་མཚོལ་བ།། རྟག་པར་རྒྱལ་བ་མི་འདའི་དམཆོག་མཆོག། རྡོ་རྗེ་ཐེག་པའི་ཏིང་འཛིན་བསྟན་པ་ནི།། དེ་བཞིན་ཉིད་ཀྱི་དེ་བཞིན་དམ་པ་ཉིད།། ནམ་མཁའི་ཁམས་བཞིན་རང་བཞིན་མཉམ་གནས་།། སེམས་པ་དམིགས་པའི་འདག
306b2 མེད་པར་བསམ།། ལྷ་ཡི་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན།། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ཡིན།། རྡོ་རྗེ་ཐེག་པའི་སྤྱོད་པ་དག་པ་ནི།། དཀའ་ཐུབ་མི་མངའ་གཙང་སྤང་མི་རྟོག་ཅིང་།། བརྟུལ་ཞུགྲཝ་གསུམ་ལྡན་སེམས་ཅན་ཐམས་ཅད་གསོད།། ཟས་མཆོག་བཤད་གཅི་ཟ་ཞིང་རྣལ་འབྱོར་དོན་ལ་བརྩོན
306b3 ཉོན་མོངས་ལྡེ་སྤྱོད་བྱང་ཆུབ་ཆེན་པོ་འཆང་།། མཚམས་མེད་ལྔ་སྤྱོད་ཡེ་ཤེས་རོལ་པར་རྟོགས།། རྡོ་རྗེ་ཐེག་པའི་ལྟ་བའི་ངོ་བོ་ལ་བལྟ་བ།། ཤེས་རབ་འབར་བའི་མེ་ཆེན་འོད་གསལ་བས།། དབྱིངས་དང་ཡེ་ཤེས་གཉིས་ཀྱང་མེ་འོད་བསྲེགས།། དཀྱིལ་འཁོར་གསུམ་དུ་མི་བལྟ་དེ་བཞིན་ཉིད
306b4 མི་གདབ།། སྣང་སྟེང་ཕྱག་རྒྱར་མི་འདོད་མཉམ་ཉིད་ཏིང་འཛིན་འདས།། གང་ལ་མི་བརྟེན་གང་ལའང་གྲུབ་པ་མེད།། གདོད་ནས་མཐའ་དག་དེ་བཞིན་དེ་བཞིན་ཉིད།། དེ་ཡི་ཆོག་འདས་སངས་རྒྱས་ཡ་སངས་རྒྱས།། རྡོ་རྗེ་ཐེག་པ་ཆེན་པོའི་འབྲས་བུ་བསྟན་པའོ།། མ་བཅོམ་མ་སྒྲུབས་དང་བ
306b5 གནས་པའི་ས།། ས་རྫོག་པདྨ་ཅན་དང་ཀུན་ཏུ་འོད་ལས་འདས།། འབྲས་བུ་ལྷུན་གྲུབ་ཡེ་ནས་དག་པའི་ས།། རྡོ་རྗེ་ཐེག་པའི་ལྟ་བ་དང་། དམ་ཚིག་དང་། སྤྱོད་པ་དང་། བསྒོམ་པ་དང་། རང་བཞིན་དང་། འབྲས་བུ་ཀུན་གཅིག་ཡིན་པར་བསྟན།། ལྷ་སྤྱོད་ཏིང་འཛིན་རྒྱུ་འབྲས་གཅིག་གི་དང་།། ག
306b6 ལ་སྲུང་ཀྱང་འདུག་ལྟ་འབྲས་བུ་རྫོག།། རྡོ་རྗེ་ཐག་པའི་འབྲས་བུ་ཐོབ་ནས་ཡོན་ཏན་ཅི་འབྱུང་བ་བསྟན་པ། གབ་ཚོའི་ནོར་ལྟར་ཐམས་ཅད་ཀུན་འདུས་ཤིང་། ནམ་མཁའ་བཞིན་དུ་མ་གཡོས་རང་གིས་འཆར། བཀྲ་ཤིས་པ་རིག་པའི་ཁ་ཁྲུག་གི་རྒྱད་ལས། རྡོ་རྗེ་ཐེག་པའི་ང་རྒྱལ་བསྟན་པ་དང་།
306b7 རྡོརྗེ་ཐེག་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་བཅོམ་ལྡན་འདས་དཔའ་རྡོ་རྗེ་སེམས་དཔས། རྒྱུད་ཀྱི་བདག་པོ་ལ་བསྟོད་པ། ཀྱེ་བཅོམ་ལྡན་འདས། བཅོམ་ལྡན་འདས། ཆེན་པོའི་ཆེན་པོ། མཆོག་ཏུ་གྱུར་པས། ཆེན་པོ་ཁྱོད་ནི་ཆེ་བའོ།། བཟང་པོའི་བཟང
iiif viewer powered by OpenSeadragon
306a - 307a