e-texts navigator
Collection
Volume
Page
Wylie

304b1 འཕྲུལ་པ་མིན།། བླང་མེད་ནམ་མཁའ་ལྟ་བུར་རབ་འབྱོར་པས།། དེ་ལ་མི་བཅའ་དེ་བཞིན་རྣམ་པར་གཞག་མཆོག་གི་མཆོག་ཏུ་གྱུར་པའི་ཐེག་པའི་མཆོག། ཐིག་ལེ་གཅིག་ཏུ་ཟླུམ་ཀྱང་བརྗོད་དུ་མེད།། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་སྙིང་པོ་འབྱིན་པ་ཞེས་བྱ་བའི་ཏིང་།
304b2 དེ་འཛིན་ལ་སྙོམས་པར་ཞུགས་ནས། རིགས་ལྔ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ།། བཏོན་ནས་ཡེ་ཤེས་ཆེན་པོ་འོད་འབྲང་བའི་སྐུ་ལྔར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བདག་པོ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
304b3 བཙུན་མོའི་ཚོགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། དྷཱ་ཏཱི་ཤྭ་རི། དྭེ་ཥར་ཏི། མོ་ཧ་ར་ཏི། རཱ་གར་ཏི། བཛྲ་ར་ཏི་རྣམས་ཕྱུང་ནས་མཉེས་པ་ཆེན་པོའི་བཙུན་མོ་ལྔར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན
304b4 ལ་སྙོམས་པར་ཞུགས་ནས། ཏ་ཀྲུང་བཞི་སུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། དེ་ཕྱུང་མ་ཐག་ཏུ་སྒོ་བ་འབར་བ་བཞིར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ཉིད་མི་སྣང་བར་བྱ་བའི་ཕྱིར། བླ་མེད་ཡེ་ནས་ཁྱབ་པས་མི་འཛིན་གཏོར།
304b5 ཐིག་ལེ་རྩ་ལ་ཐག་ཆད་པས་ལས་རྣམས་རྫོགས།། མི་རྟོག་མཉམ་ལས་འདས་པས་བགེགས་རྣམས་ཞི།། མཉམ་རྡོགས་བརྗོད་དུ་མེད་པ་སྙིང་པོའི་གཙོ།། མཁའ་ལྟར་མི་གཡོ་རང་བཞིན་བཏབ་པའི་རྒྱ།། ཅིས་ཀྱང་ཁྱོད་ཉིད་ཡེ་ཤེས་གསལྔ་བའི་དང་།
304b6 མི་འདོར་ཚིག་བྲལ་ལྡན་རྫོགས་མཉམ་མ་ཉིད།། དཀྱིལ་འཁོར་ཆེན་པོར་རང་བཞིན་གནས་པའི་རྒྱ།། ཐམས་ཅད་ཡེ་ནས་དགེ་བའི་ལྷག་མ་མེད།། མི་འགྱུར་སྙིང་པོར་གྱུར་པས་དྲང་པོའི་མཆོག། མཐའ་ལས་མཁའ་བཞིན་གནས་པས་མི་མཉམ
304b7 མེད།། བཙལ་བ་མེད་པས་གཞན་ལ་ལྟོས་མ་ཡིན།། ལྷན་གནས་བདེ་ཆེན་མཚུངས་པའི་རྒྱལ་པོ་འདི།། མིང་ཙམ་ཚིག་ཏུ་འདི་ཞེས་བཏགས་ནས་ནི།། བསྟན་དུ་རྡོ་རྗེ་སེམས་དཔའ་ངས་མ་བསྟན།། ཐབས་དང་ཤེས་རབ་རྣམ་པ་ལྡན་བྱས




iiif viewer powered by OpenSeadragon

304a - 305a

Texts on this page

Gdg006.39 - bkra shis pa'i dpal rig pa'i khu byug