| | e-texts navigator
|
303b1 བཀོད་སྦྱང་བ་མ་ལུས་དུ་དབང་བསྒྱུར།། རྡོ་རྗེ་འདུ་བྲལ་མདང་བདེ་བ་ལ་གནས་རྡོ་རྡོའི་དབང་།། རྡོ་རྗེ་དེ་ནི་སྐྱེ་དང་འགག་པ་མེད་དེ་ཡངས་ཤིང་ཟབ།། དེ་ཕྱི་རྡོ་རྗེ་ཟབ་མོ་ཡངས་ཤིང་ཟབ་པའི་གཏིད་ནི་སྱཱ་བདོ་ལྡན།། ཛོང་ནམ་མཁའ་ལྟ་བུ་ངན་ཐམས་ཅད་སྐྱེང་པའི་རྒྱུ་སྟོས།
303b2 མ་ཡིན་པས་ཆེ།། དེ་ཕྱིར་རྡོ་རྗེ་ཀུན་འབྱུང་སྙིང་པོ་མ་བཙལ་བཞག་ནས་བསྒོམ།། སེམས་ཀྱི་དང་ཉིད་ཁ་དོག་དངོས་མེད་ཇི་བཞིན་ཏེ།། གང་ནས་མ་བྱོན་ཕྱི་རོལ་ནང་རོལ་གཉིས་ཀ་མིན།། ཤེས་རབ་ཚོགས་ཀྱི་སྙིང་རྗེའི་བརླན་དང་མ་བྲལ་ཐམས་ཅད་སླེངས།། ལོག་རྟོག་མཚན
303b3 མྲའི་འདུ་ཤེས་ཐམས་ཅད་དེ་ལས་འབྱུང་།། སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་བཅུ་ཡང་རང་བཞིན་རྫོགས།། ལམ་འདུས་རིམ་པས་དང་འཇུག་ལྟ་ཐམས་ཅད་འགྲུབ་པ་ཡིན།། སྦྲང་ལན་མེད་པར་ཆོས་འདི་སྙ་མར་གནས་པས་ན།། ལུས་དག་ཡིད་གསུམ་ཡང་དག་པ་ཉིད་ལེནཔ་ཤེས་པ
303b4 ཡིན།། སངས་རྒྱས་ཆོས་ལགུས་ཤིང་སྤྱོད་འདོད་ན་པ་ཤེས་རབ་ཡིན།། གཏོང་བ་ཚུལ་ཁྲིམས་ཆོས་སེམས་པ་ལ་བྱང་ཆུབ་རི་སྨྲིག་རྣམས་བཞིན།། ཐམས་ཅ་ཀུན་ཏུ་བཟང་པོའི་དང་དུགཅིག་པ་ཤེས་པར་བྱ།། མཐའ་ལས་རབ་ཏུ་མཐའ་ཡས་པ་ཡི་སེམས་ཅན་ཐམས་ཅད་ཀུན།། རང་བྱུང
303b5 རྣམ་དག་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། སངས་རྒྱས་ལ་སོགས་ཕྱག་རྒྱ་འབར་བ་ཉིད་དུ་དོན་འདི་སྣང་བས་མིན།། སྣང་སྲིད་ལྷུན་གྱིས་རྫོགས་པར་ཤེས་པས་ཐབས་ཀྱི་ཐབས།། མེད་པའི་རྒྱུ་ལས་ཡོད་པའི་དངོས་པོ་འོད་གསལ་བ།། གདོད་ནས་དག་པའི་དཀྱིལ་འཁོར་ལ་སོགས་པ་ཡི་ཆོ་གས།། སྣང
303b6 ཡང་དངོས་པོ་མེད་པའི་ཚུལ་ཡིན་ན།། དེ་ལ་ཇི་ལྟར་བརྟགས་ཀྱང་དངོས་པོ་ཅི་ཞིག་ཡོད།། དཔེ་དང་ཚད་མ་གཏན་ཚོགས་རྗེས་སུ་དཔག་པ་ཡིས།། ཡ་མཚན་རྨད་ཀྱི་ཆོས་འདི་རྟོགས་པར་ནུས་པ་མ་ཡིན་ཏེ།། རྟག་པར་ཀུན་རྫོབ་རྣམ་པར་སྣང་མཛད་སྨྲ།། ཡིད་བཞིན་ནོར་ལྟར
303b7 དགོས་དགུ་འབྱུང་བའི་གཞི།། དེ་བས་གསང་སྔགས་བདག་ཉིད་ཆེན་པོ་འདི།། དངོས་གྲུབ་བྱི་རླབས་གཏམས་པའི་ཐབས་ཤེས་ཅན།། བསམ་ཡས་གཏིང་དཔག་དཀའ་བརྒྱལ་པོ་འད།། ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ།། སྟོར་བས་བཅོལ་ཀྱང་རྙེད་པར་གལ་འགྱུར།།
iiif viewer powered by OpenSeadragon
303a - 304a