e-texts navigator
Collection
Volume
Page
Wylie

302a1 པར་མི་བྱ་སྟེ།། མི་བསམ་པའང་མི་བསམ་མོ།། གང་དུའང་རྣམ་པར་མི་སེམས་པ།། དེ་ནི་དེ་བཞིན་མཉམ་ཉིད་།། རྣམ་མི་རྟོག་ཏུ་ཀུན་འདུས་གྱིར།། ཚོར་བར་བསྒོམན་ཅི་ཞིག་གནས།། ཇི་བཞིན་པ་ཞེས་བསྟན་པ
302a2 ཉིད།། རང་གི་རིག་པ་ཚངས་པ་ཡིན།། བཀྲ་ཤིས་པའི་རིག་པ་ཁྭ་བྱུག་པས་དངོས་པོ་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་མཆོད་པ་རྣམ་གཉིས་མཆོད་དེ། ཕྱག་བཅལ
302a3 དུ་ལ་དང་པས་པ་གགས་བཅོམ་ལྡ་པ་ས་ཆེ་པོ་བདང་གཤེགས་པབྱེད་པ། ཇི་ལྟ་ལགས། ས་པ
302a4 ལྔ་ཡེ་ཤེས་སྔར་བསྟན་པ་ཇི་ལྟར་ལགས། གསང་ལྗགས་རིག་སྔགས་ཞེས་བྱ་བ་ནི་གང་། རྡོ་རྗེ་ཐེག་པ་ཆེན་པོའི་སྒོ་ནས་འཇུག་པ་དང་། མདོ་སྡེའི་སྒོ་ནས་འཇུག་པ་གཉིས་སེམས་མཉམ་པར་འཇོག་པའི་དུས་ན་ཚུལ་ཇི་ལྟར་འཇོག། དེ་ནས་བཅོམ
302a5 འདིས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། མཐའ་སྤང་དབུས་རྟོགས་པ་ལ་ཤེས་ཡུལ་དགྱེ།། འགྲོ་བའི་ཡིད་དུ་ཀུན་གཅིག་རྡོ་རྗེ་སེམས་དཔའི་དང་།། ཡེ་ཤེས་དབྱིངསུ་གསལ་སྐྱེ་མེད་ཐབས་ཆེན་གྱིས།། བྱིན་བརླབས་ཁྱད་འཕགས་རྒྱལ
302a6 བ་རིགས་ལྟར་སྣང་།། དོནད་དམ་གསང་བ་གསང་སྔགས་རྒྱལ་པོ་ཆེ།། རྣམ་གྲོལ་དག་པ་རིག་སྔགས་བླ་མེད་གསུང་།། འཇུག་ལྡོག་མཐར་ཟད་བླ་མེད་སྨསྙུན་གྲུབ་ལམ།། སྟོང་སྨོན་མཚན་འཛིན་ལམ་མཆོག་བདེ་བ་སྒྲུབ།། ཞི་དྲ་གནས་དང
302a7 ལྷག་མཐོང་དག་དང་ནི།། ཀུན་ག་ཞི་རྣམ་ཤེས་ཡོད་པའི་དངོས་ཉིད་དང་།། འཇིག་རྟེན་བལྟ་རྣམ་བཞི་འདས་པའི་བལྟ།། ཁམས་གསུམ་ལས་འདས་ནོར་དུ་དོན་པོ་ཆེ།། ཕུང་པོ་ལྔ་པོ་མི་གཡོ་བྱད་ཆུབ་ལམ།། འདོད་ཆགས་ཞེ་སྡང་གཏི་མུག་ཕྲག




iiif viewer powered by OpenSeadragon

301b - 302b

Texts on this page

Gdg006.39 - bkra shis pa'i dpal rig pa'i khu byug