| | e-texts navigator
|
2b1 རང་གྲཞན་མ་མཐུང་སྟེ།། ང་ནི་ཀུན་གྱི་རང་བཞིན་ཏེ།། ཆོས་ཀུན་སྙིང་པོ་མཐོང་བ་མེད།། རྗེས་གསུངས་སོ།། དེ་ནས་ལ་ཁོ་དོནམས་ཀྱང་སེམས་སྟོབས་མ་པས་སློང་མཐོང་སྟེ། ལ་ལ་ནི་ཉིད་ཀྱི་རང་བདེན་དུ་གྱུར་ཏེ།། ལ་ལ་ན།
2b2 ཡེ་ཤེས་སྐྱེས་སོ།། ལ་ལ་ནི་དགའ་བས་འདུན་ཏོ།། ལལ་ནི་སྐྱོན་པས་འདུད།། ། པཱ་ལ་ནི་མདད་པའི་སེམས་བྱུང་ངོ་།། ལ་ལི་ནི་དགའ་བར་གྱུར་ན་ཡང་འབྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་ཅིན་ནོ།། དེ་ནས་སེམས་དཔའ
2b3 རྡོ་རྗེ་ཉིད་ཀྱི་རང་བཞིན་དེས། ཀུན་ཏུ་བཟང་པོ་ལྔ་འདི་སྐད་ཅེས་གསོལ་ཏོ།། ཨེ་མརྡོ་རྗེ་སྙིང་པོ་ཁྱོད།། བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་།། ཡིན་པར་བདག་ཅག་ཡོངས་མ་རྟོགས།། གླུ་རྐྱེན་མེད་པར་འབྱུང་མེ་སེམས།། ཞེས
2b4 ཞུས་སོ།། དེ་ནས་ཀུན་ཏུ་བཟང་པོ་དེ་ཉིད་ཀྱིས་མི་དམིགས་པའི་དོན་ལ་བཞུགས་ནས། རྨུགས་རྗེ་ཡེ་ཤེས་འོད་ཟེར་སྤྲུལ་པ་སྤྲོས་པས། དུས་གསུམ་ཅི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་ནས་སེམས་དཔའ་རྡོ་རྗེ་ལ་དུས་གསུམ་གྱི
2b5 བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་བསྡུས་ཏེ་བཁྲུལ་བ་མཛད་དོ།། དོན་གྱི་ཚིག་གིས་ཀྱང་འདི་སྐད་བསྐུལ་ཏེ། རྡོ་རྗེ་སྙིང་པོའི་སེམས་དཔའ་ཁྱོར།། ཀུན་གྱི་རང་བཞིན་ཁོད་ཡིན་པས།། སེམས་ཉིད་ཀུན་ཏུ་བཟང་པོ
2b6 ཛི།། ཁྱོད་ཀྱིས་ཀུན་ལ་བསྟན་དྲག་སོའི།། ཞེས་བསྐུལ་ཏོ།། དེ་ནས་སེམས་དཔའ་རྡོ་རྗེ་ངེས།། བདེ་བར་གཤེགས་པ་ཀུན་གྱིས་བསྐུལ་བར་རིག་ནས་མེ་རྟོག་པའི་ཏིང་ངེ་འཛིན་སྒོ་ནས། འོད་ཟེར་ཕྱོགས་བརྡ
2b7 ནས་སྤར་བ་སྡུས་ཏེ། ཉིད་ཀྱི་སེམས་ཀྱི་སྐུ་བཞེངས་ནས་ཀུན་པ་སྣང་བར་མཛད་།། ཀུན་གྱི་རང་བཞིན་དུ་ཡང་བཞུགས་སོ།། རང་བཞིན་ཀུན་ལ་སྣང་ངོ་།། སེམས་ཀྱི་རང་བཞིན་ཡང་སྣང་བར་མཛད་དོ།། དེ་ནས
iiif viewer powered by OpenSeadragon
2a - 3a