| | e-texts navigator
|
298a1 བྱུང་བའི་རྒྱུད་ལས།། མཚན་མ་མེད་པ་གྲུབ་པ་དང་།། ཐེག་པ་ཆེན་པོ་ལ་ཁྱད་པར་འཕགས་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པར་བྱས་པ།
298a2 ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་སྐུ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་ནི།། འཁོར་བ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། བྱང་ཆུབ་སེམས་ལ་སྦྱོར་བ་མ་ཡིན་པར།། འཁོར་བའི་འཁོར་ལོ་བསྐོར་བ་རྡུལ་ཡང་མེད།། ཡང་དག་ཡེ་སངས་རྒྱས་པ་མ
298a3 གཏོགས་པར།། དམྱལ་བའི་མིང་མེད་མ་རིག་པའང་མེད།། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་དང་།། རིགས་དྲུག་འཇིག་རྟེན་འབྱུང་བ་ལྷ་སོགས་རྣམས།། བྱང་ཆུབ་སེམས་ཀྱི་རིན་ཆེན་སྦོམ་དུ་ཟུག། དོག་འཚེར་མི་མངའ་ཐིགས།
298a4 པས་སྣོད་བཀང་ཚུལ།། ཨེ་མ་རེ་མཛེས་བདག་ཉིད་བསྟན་པའི་ཆོས།། བྱང་ཆུབ་སེམས་ཀྱི་ཆོས་གཅིག་མ་གཏོགས་པར།། ཆོས་དང་ཆོས་གཞན་མེད་པ་ངོ་མཚར་ཆེ།། སེམས་ཀྱི་རང་བཞིན་གནས་མེད་ཡུལ་མེད་པར།། དུས་གསུམ་སངས
298a5 རྒྱས་ཆགས་པ་ངོ་མཚར་ཆེ།། རང་རིག་བྱང་ཆུབ་སེམས་ལས་མ་གཏོགས་པའི།། ཀུན་བཟང་གཞན་ནས་རྙེད་པར་མི་འགྱུར་བས།། སྔོན་ཆད་མ་རིག་མ་མཐོང་ངོ་མཚར་ཆེ།། བདེན་གཉིས་རྒྱུ་འབྲས་ཡོངས་ཀྱི་ས་མེད་པ།། བསླུ་བའི་རྨི་ལམ་བཞིན་གྱི
298a6 ཀུན་རྫོབ་སྤྱོད།། དོན་དམ་བདེན་པ་མ་རྟོགས་ངོ་མཚར་ཆེ།། འཆིང་བྱེད་དམྱལ་རྒྱུ་དུག་ལྔ་གཞན་རྟོགས་པས།། བྱང་ཆུབ་ཆེན་པོའི་བྱང་ཆུབ་ཆེན་པོ་རུ།། དུག་ལྔ་རྒྱས་པར་གྱུར་པ་ངོ་མཚར་ཆེ།། སྡུག་བསྔལ་སྡིག་པ་མི་དགེ་ཅི་སྤྱོད་ཀྱང་།། རྣམ
298a7 གྲོལ་བློ་མོད་སངས་རྒྱས་ཉིད་ཡིན་པས།། པད་བཞིན་སྐྱོན་གྱིས་མགོས་ངོ་མཚར་ཆེ།། དམྱལ་ཧཱུ~ཾ་མི་དགེ་སྣ་ཚོགས་སྤྱོད་པ་དང་།། མི་གཙང་ཟས་ཟོས་བཤད་བ་ཀུན་སྦྱར་ཡང་།། ཀུན་ཏུ་བཟང་པོའི་སྤྱོད་པ་བདག་ཉིད་པས།། རྒྱུ་ཡི་འབྲས་བུར་མི
iiif viewer powered by OpenSeadragon
297b - 298b