e-texts navigator
Collection
Volume
Page
Wylie

297b1 བསྒོམ་པའི་ཆོག་རྣམས་ལས།། ཆད་ཀྱང་ཡ་རྒྱས་སངས་རྒྱས་བསྟན་པ་འདི།། ལྕེ་མེད་སངས་རྒྱས་ཀུན་གྱི་མེས་ཆེན་པོ།། བསླས་པའི་མ་བཞིན་གཅིག་ཏུ་གནས་པ་ལས།། ཆོས་རྣམས་མ་ལུས་ཆོས་སོ་རྫོག་པ་རྔུར།། ཐམས་ཅད་རྫུན་པར་ཤེས་ན་འཇིགས།
297b2 དང་བྲལ།། ངོ་བོ་ཉིད་ཀྱི་ཆོས་རྣམས་མི་ལུས་སྟོང་།། གལ་ཏེ་ངོ་བོ་ཉིད་ཀྱི་ཆོས་སྤངས་ན།། སྦྱིན་ལ་སོགས་པས་མཐོ་རིས་སྐྱེ་སྲིད་ཀྱང་།། མཐར་ཟད་འབྲས་བུ་བརླག་པ་ཉིད་དུ་འགྱུར།། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་ཉིད་ལ།། མི་ཆགས་མེ་གནས
297b3 ཉིད་མྱ་ངན་འདས།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ངོ་བོ་ཉིད་འདས་ལམ་རྫོགས་རྣམ་པར་དག། སངས་རྒྱས་མི་འདོད་སངས་རྒྱས་ས་ལས་འདས།། སངས་རྒྱས་སྒོས་ལས་དགའ་ལ་ཕྱག་རྒྱ་གསུམ།། ཆོས་རྣམས་ཀུན་གྱི་རང་བཞིན་གཉིས
297b4 སུ་མེད།། ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་པ་ཡིན།། རང་བཞིན་གཅིག་པ་ཉིད་ཀྱང་ཡོད་མོན་ཏེ།། རང་བཞིན་ཉིད་ཀྱིས་གནས་ཤིང་ཆགས་པ་མེད།། མཚན་མ་ཅན་གྱི་ཆོས་ནི་འཇིག་རྟེན་གྱི།། ལམ་དང་འབྲས་བུ་ཡིན་ཏེ་ཟད་ཡོད་ཕྱིར།། བླ་ན་མེད
297b5 པའི་འབྲས་བུ་ཐོབ་མི་འགྱུར།། རྨད་བྱུང་འཛིན་ཆོས་ཀྱི་རང་བཞིན་དང་།། གཅིག་པ་ཉིད་ཀྱང་མི་འདོད་དབྱིངས་ལས་འདས།། སངས་རྒྱས་ཕྱག་རྒྱ་མི་འདོད་ཡེ་རྒྱས་བཏབ།། ཁམས་གསུམ་ཡེ་ནས་སངས་རྒྱས་ཆོས་སྒྲར་ཞི།། མྱ་ངན་འདས་པ་འདས
297b6 པ་ཉིད་ཀྱང་འདས།། ཡོན་ཏན་ཉིད་ཀྱི་ཕུང་པོ་རྡོ་རྗེའི་སྐུ།། ཅི་ཡང་འདུ་འབྲལ་མེད་པའི་བརྩོན་འགྲུས་ཅན།། ངོ་བོ་ཉིད་ཁྲུ་ཟག་མེད་རང་བཞིན་བྲལ།། གཞལ་ཡས་མེ་འོད་འབར་བའི་དཀྱིལ་འཁོར་ཅན།། ཉི་མ་འབུམ་གྱི་གཟི་ལྟར་འཕྲོ་བའི་བདག། ཆོས
297b7 ཀྱི་ལམ་ལ་འཇུག་པའི་མི་ཞིག་གིས།། ལུས་དང་སེམས་ལ་བསླབ་པ་ཆེར་བྱས་ཏེ།། ཕྱི་རོལ་སངས་རྒྱས་མི་བཙལ་རྙེད་མི་འགྱུར།། སེམས་ཅན་ཉིད་ནི་ཀུན་ཏུ་བཟང་པོར་གསུངས།། ནང་གི་ནང་ལ་དེ་བཞིན་བལྟ་བར་བྱའོ།། བྱང་ཆུབ་ཀྱི་སེམས་མེད་དུ




iiif viewer powered by OpenSeadragon

297a - 298a

Texts on this page

Gdg006.38 - byang chub kyi sems rmad du byung ba'i rgyud