| | e-texts navigator
|
296b1 བྱུང་བྱང་ཆུབ་སེམས་ཀྱི་མཐུར་ལྡན་ན།། མ་དང་སྲིང་མོ་བུ་མོ་ལ་སོགས་རྣམས།། རྨ་པུང་ཉིད་ལས་གཞན་དུ་མཐོང་བ་མིན།། དེ་འདྲ་སྦྱར་བ་དམ་པ་ཉིད་ལ་སྦར།། མ་སྲིང་བུ་མོར་མཐོང་བ་འཆིང་བའི་རྒྱ།། དཔེར་ན་རྨི་ལ་མན་ནེམ་སྲིང་སྒུར་བྱས་པས།།
296b2 སད་པའི་ཚེ་ན་ལན་གྱིས་མི་འཇིགས་སོ།། ཡང་དག་དོན་ཤེས་རྨི་ལམ་ས་ད་འདྲ་སྟེ།། ཡུལ་དུ་སྐྱོན་གྱིས་གོས་པར་འགྱུར་མི་སྲིད།། རྨད་བྱུང་བྱང་ཆུབ་སེམས་ཀྱི་དོན་ལྡན་ན།། དཀྱིལ་འཁོར་ཕྱག་རྒྱ་བཞི་ལྡན་མཐོང་མི་འགྱུར།། དཀྱིལ་འཁོར
296b3 ཕྱག་རྒྱའི་དཀྱིལ་འཁོར་སུས་མཐོང་བ།། དེ་ལ་ཕྱག་རྒྱའི་དཀྱིལ་འཁོར་ལྡན་པས་ན།། རྨད་བྱུང་དེ་ལ་མཚུངས་པར་ཡོངས་མ་གསུངས།། དཔེར་ན་རྨི་ལམ་ནཱ་ནི་དེ་བཞིན་གཤེགས་སུ་མཐོང་།། སད་པས་བདག་ཏུ་སྣང་ལས་གཞན་མདོ་དེ།། དེ་བཞིན
296b4 འ་ང་དྲུག་། འོད་པ་ཡིན་བྱུང་བ་རྣག་ན་རྐྱེ་གྱིས་མི་གྱུ། མ་ང་བྱུང་ཆུབས་མྱི་གླེད་སྦྱ་།། དུས་པ
296b5 དགེ་བར་མཐོང་མི་འགྱུར།། དགེ་རྩར་མཐོང་བ་དེ་ལ་སྐྱོན་ཡོད་འགྱུར།། དགེ་རྩར་མ་མཐོང་བ་ཉིད་བྱང་ཆུབ་མཆོག། རྨི་ལམ་ན་ནི་དགྲ་དང་འབོགས་པ་མཐོང་།། སད་པའི་དུས་ན་དེ་དང་འགྲོགས་མི་འགྱུར།། དགེ་རྫས་འཇིག་རྟེན་འདི་ཡི་སྙན་དག་ཐོབ།
296b6 རྨད་བྱུང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན།། སྡུག་བསྔལ་སྐྱེ་གཞི་འབྲས་བུ་རྨི་ལམ་འདྲ།། སེམས་ཅན་རྣམས་ལ་སྙིང་རྗེ་བརྩེ་མེད་ཅིང་།། མཚམས་མེད་ལྔ་སྤྱོད་ཉེ་ལྔ་མི་ཚངས་སྤྱོད།། འདོད་ཡོན་ལྔ་རོལ་གཞན་ལྔ་སྤོང་མི་བྱེད།། རྟག་ཏུ་བདག་མཆོད
296b7 གཞན་དུ་མི་རིགས་པ།། རྨད་བྱུང་བྱང་ཆུབ་ཟག་ཆེན་དམ་ཚིག་ཡིན།། དུག་ལྔས་འཁོར་བའི་རྒྱུན་སྤྱོད་བྱེད་པ་ཡང་།། རྨད་བྱུང་བྱང་ཆུབ་ཉིད་དུ་ཡང་དག་གསུངས།། འདོད་ཅིང་ཆགས་པའང་རྨད་བྱུང་བྱང་ཆུབ་དེ།། གཞན་ལ་སྡང་བའི་ཞེ་སྡང་རྨད
iiif viewer powered by OpenSeadragon
296a - 297a