e-texts navigator
Collection
Volume
Page
Wylie

294b1 ཆོས་ལ་ཟད་མཐའ་མེད།། ལོངས་སྤྱང་རྫོགས་དང་སྤྲུལ་པའི་སྲང་དུན།། མངོན་པར་བྱང་ཆུབ་སྲས་ཀྱང་ཆོས་གཅིག་པར།། མ་གཟིགས་གཟིགས་པ་མེད་པ་རྒྱུན་དང་ལྡན།། མཐུན་དཔེས་བཙུན་པ་ཡང་དག་སངས་རྒྱས་མེད།། མཛ་།
294b2 དེ་ཉིད་དོན་གྱི་འབྲས་བུར་ཡང་།། སུ་འདོད་དེ་ལ་ཡང་དག་སངས་རྒྱས་རིང་།། རྨད་བྱུང་བྱང་ཆུབ་དག་པ་ཡང་སངས་རྒྱས།། ཁ་དོག་དབྱིབས་མེད་མཚོན་པ་ལས་འདས་ཏེ།། གཞི་མེད་པ་ཡི་རྩེ་གཞི་ཀུན་གྱི་མཆོག། ལོ་མའི་རྩ་བ་རྩ་བའི་ལོ་མའང་ཡིན།།
294b3 མཁའ་ལྟར་མི་འདོད་དེ་ཡང་འདས་པ་ཉིད།། རྨད་བྱུང་བྱང་ཆུབ་སེམས་ཀྱི་ཆོས་གཅིག་པོ།། རྣམ་པར་དག་པའི་ཆོས་སྨྲ་དེ་ཉིད་ལས།། གཞན་གྱིས་རེག་ཅིང་མྱོང་བ་མ་ཡིན་ཕྱིར།། སངས་རྒྱས་སྲས་བརྡསུ་མཚན་མའི་མཚན་དཔེས་བརྒྱད།།
294b4 མངོན་སུམ་གཉིས་སུ་དེ་ཉིད་སུ་རྣལ་བ།། དེ་ལ་རྨད་བྱུང་འདི་མི་གནས་ཏེ་ཟིན་ཆ་གྲ་དང་།། སྣང་སྟོང་ངོ་བོ་སྟོང་པའང་འདི་ཡི་སྟོན།། རྒྱལ་བའི་རྒྱལ་བ་ཞེས་བྱ་བརྗོད་དུ་མེད།། དབྱིངས་དང་ཡེ་ཤེས་གཉིས་ཀྱི་ཚིག་ཀྱང་ཟད།། མཐའ་དང་དབུས
294b5 ལ་མི་གནས་བདེ་བའི་ཀླུང་།། ཁྱབ་གདལ་བྱང་ཆུབ་མཐའ་ལྟེར་དཔག་ཏུ་མེད།། འདི་ཉིད་སྲུར་འདོང་སྒོ་སྲུང་འཁོར་ལོ་བསྐོར།། འདི་ལ་གཟའ་གཏད་རྟོག་པའི་འདུ་མཚོན་ཅན།། ཐོག་མར་འདོད་པ་འཁྲུལ་པ་འཇིག་རྟེན་པ།། སུ་གསུམ་སྲ
294b6 གསུང་ཐུགས་ལས་ཤིན་ཏུ་རིང་།། དེ་ཉིད་རྨད་བྱུང་འདི་ཡི་སྒྲིབ་ཤིང་ཡིན།། ཆོས་ཀྱི་སྙིང་པོར་གྱུར་པ་འབྲས་བུའི་ཆོས།། སྣོད་བདུང་བྱང་ཆུབ་ཁམས་གསུམ་ཡེ་རྒྱས་བཏབ།། ཕྱག་རྒྱའི་འབྱུང་འཇུག་ཉིད་ཀྱི་ལྟོ་བར་བསྟིམ།། སྒྲ་ཡི་བྱ་བྱེད་རྩ་ནས་བཅང
294b7 དེ་བཏང་།། འཁོར་བ་དོང་སྤུག་སངས་རྒྱས་ཧུབ་ཀྱིས་རྔུབས།། དགེ་དང་སྡིག་པར་མི་བྱེད་རྣམ་པར་དག། ང་དང་བདག་མེད་ཞིབ་ཆེན་པོའི་སུ།། རིགས་དང་ཡེ་ཤེས་ཀུན་གྱི་དུར་ཁྲོད་བརྡལ།། ཁམས་གསུམ་སྲིད་གསུམ་ཉིད་ཀྱི་སྐུ་ལ་རྫོག།། བསོད་ནམས་ལྷུར་རྫོགས་པ།




iiif viewer powered by OpenSeadragon

294a - 295a

Texts on this page

Gdg006.38 - byang chub kyi sems rmad du byung ba'i rgyud