e-texts navigator
Collection
Volume
Page
Wylie

293b1 པདུ་ཞིན་དབྱིངས།། དབྱིངས་དང་དབྱིངས་རོལ་མནམ་ཉིད་ལྡན་གནས་པས།། མྱ་དངདུ་ཕྲེང་མོར་སྦྱོར་བ་རོལ་བའི་མཆོག། དག་དང་སྡིག་ཏུ་མ་མཐོང་མ་རྒྱས་པས།། སྡིག་པ་སྦྱང་བས་དཀྱིལ་འཁོར་དཀྱིལ་འཁོར་ལྡན།། སངས་རྒྱས་རྣམ་པ་ནི།
293b2 ཡི་ཆོས་བཤད་པས།། ཐོག་མེད་འདུ་ཤེས་མི་བདེན་ཚོར་བ་བྲལ།། སྤྲུལ་པས་ཕ་རོལ་ཕྱིན་དྲུག་གསུང་བར་འགྱུར།། ཚིག་ཏུ་བཤད་པས་རྨང་བྱུང་དོན་མི་རྙེད།། ཡི་གེའི་མཆོག་ཉིད་ཡང་དགྲ་གསལ་བ་ཉིད།། ཡི་གེས་ཐིག་བཞིར་བརྟགས་པ་རྨད
293b3 བྱུང་ཉམས།། སྟོན་པས་བཤད་པ་དོན་རྟོགས་འཁྲུལ་པའི་ལམ།། ནད་མེད་པ་ན་སྨན་ཀྱང་མི་དགོས་ན།། ནད་ཀྱི་དོན་གྱིར་སྨན་དགོས་ཇི་བཞིན་དུ།། ཐེག་པ་གཞན་མེད་པ་ན་བླ་མེད་འདི།། བསྟན་ཀྱང་མི་དགོས་དེ་བཞིན་གཞིར་གནས་ན།།
293b4 བླ་མེད་ཐེག་ཀྱང་བླ་མེད་དག་ལ་སྣང་།། ཀུན་ཏུ་བཟང་པོ་ཡངས་པའི་རྒྱལ་པོས་ཀྱང་།། མ་གསུང་གསུང་དུ་བརྗོད་དུ་རྡུལ་ཙམ་མེད།། དོན་འདི་གང་ལ་སྣང་བ་ཚུལ་བའི་རྒྱལ།། དེ་ནས་རྡོ་རྗེ་འཛིན་པ་ཐེ་ཚོམ་ཤིན་ཏུ་ཆོད་ནས་ཡང་གསོལ་བའི་ཚིག་བཏབ
293b5 གྱི་བརྗོད་པ་འདི་བརྗོད་དོ།། རྨད་བྱུང་བདག་ཉིད་སེམས་ཅན་གྱི་མོའི་ཆོས།། དུས་གསུམ་སངས་རྒྱས་རྣམས་ཀྱི་སེམས་ཉིད་ནི།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། ནམ་མཁའི་སྟོང་པ་འདྲ་སྟེ་རྟར་ཡང་མེད།། མིང་ཡང་མེད་པས་སེམས་ལ
293b6 གནས་པས་ན།། སངས་རྒྱས་སངས་རྒྱས་ཞེས་སུ་རབ་ཏུ་གྲག། དཀའ་ཐུབ་དཀའ་བས་ལུས་གདུང་ཕྱག་བཙལ་ཀློག། འཆང་དང་འཛིན་པས་ཤེས་ཤིང་རྙེད་མིན་ཏེ།། རྨད་བྱུང་བྱང་ཆུབ་སེམས་ཉིད་རྙེད་པ་ནི།། སེམས་ཀྱི་རང་བཞིན་མ་ནོར་གསལ་ན་གོ།།




iiif viewer powered by OpenSeadragon

293a - 294a

Texts on this page

Gdg006.38 - byang chub kyi sems rmad du byung ba'i rgyud