e-texts navigator
Collection
Volume
Page
Wylie

292b1 མན།། ཐབས་དང་ཐབས་མཁས་སྐོ་ཆགས་པ་མེད།། ཐ་ཐལ་ནགས་ཐབས་ལ་མཁས་པ་བཞིན།། རང་བཞིན་ཀུན་རྫོགས་རྣ་བའི་རང་བཞིན་།། སྐྱོ་མ་དམིགས་མེད་ཐབ་ས་མི་ཐལ་བ་ཡནྟ།། ཡ་སངས་རྒྱས་པས་བཟང་པའ་ལམ་དང་བར
292b2 ཐིག་ལེ་བུམ་པས་ཡང་དག་ཉིད་དུ་གཅིག། མ་བསྡུས་དེ་བཞིན་ཉིད་དུ་བསྡུས་པ་ཐབས་ཀྱི་མཆོག། བསམ་བདག་པས་རབ་ཏུ་བྱུང་བའི་མཆོག། བསམ་པ་སྒྲོན་ཁུར་བ་ནི་རང་བྱང་མིན།། དེ་བཞིན་རྨད་བྱུང་བདེ་ཆེན་ཆོས་ཉིད་འདི།། བསམ
292b3 དང་བྲལ་ཞིང་བསམ་པ་ལས་འདས་པས།། འཁོར་བའི་རྩ་བ་དྲེགས་པའི་རབ་མཆོག་ཡིན།། ཟིན་རྩོལ་ནད་དང་ལྡན་པ་མ་ཡིན་པས།། ཡང་དག་ཡང་དག་རབ་ཀྱི་ཡང་དག་ཡིན།། འདུ་བའི་ཏིང་འཛིན་འདུ་ལས་འདས་པས་ན།། ཏིང་འཛིན་རྒྱལ
292b4 པོ་ཞེས་སུ་རབ་ཏུ་གྲགས།། ཉེ་ལམ་བདེར་རྫོགས་ལམ་ནང་བྲལ་བ་ཡིན།། འདི་ལ་འཇུག་ལྟ་མི་དགོས་ཡེ་ནས་ཞུགས།། བསུང་དང་དམ་ཚིག་མི་བཙལ་སྟོང་ལས་འདས།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཀྱིལ་འཁོར་འདི།། གཉིས་མེད་སངས་རྒྱས
292b5 མེད་པ་ཆེ་བ་ཡིན།། ཉོན་མོངས་ལྔ་ཡི་རང་བཞིན་གྱིས་ཀྱང་ནི།། བྱང་ཆུབ་ཡོངས་སུ་མོལ་བར་བྱེད་པ་བཞིན། རྫོགས་མཆོག་ཟད་བྱུང་བྱང་ཆུབ་སེམས་ཉིད་འདི།། རང་བཞིན་ཉིད་ཀྱིས་རང་བཞིན་ཉིད་ཀྱང་ཚོལ།། བཙལ་ཀྱང་རྙེད་པའི་དུས་མེད་རང་བཞིན
292b6 ཉིད།། རང་བཞིན་རང་བཞིན་ཉིད་ལས་མ་ཉམས་པས།། ལྷ་དང་སྤྲོད་པ་ཏིང་འཛིན་དགོངས་པའི་ཀླུང་།། དེ་ལ་མི་དགོངས་དགོངས་པ་དགོངས་པའི་ནད།། གང་ལ་བལྟ་བ་མེད་པ་དེ་ལ་ལྟ་བ་གནས།། ཁྱོད་མེད་ཏིང་འཛིན་མེད་པའང་དེ་བཞིན་ནོ།། བསྒོམ
292b7 པའི་དོན་མ་རྙེད་པའི་དྲང་སྲོང་རྣམས།། བསྒོམ་ཆགས་ནད་དང་བྲལ་བ་དགོངས་པའི་གླིང་།། མི་འགྱུར་ཞེ་ཏེའི་ཟད་འརྡ་བ་བཞིན་དུ་གནས།། རྨང་ཟུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། དྲང་སྲོང་རྒྱལ་བ་རྣམས་ཀྱི་དགོངས་པ་མཆོག། དུག་གསུམ་རྫོགས




iiif viewer powered by OpenSeadragon

292a - 293a

Texts on this page

Gdg006.38 - byang chub kyi sems rmad du byung ba'i rgyud