| | e-texts navigator
|
290b1 འདི་བརྗོ་ད་།། ཞི་བ་ཟླུམ་དབྱང་ཆུབ་འདི་སྒོ་སྲུར་མེད།། ཐ་སྐད་བྲལ་བས་ཚད་མས་གནང་མི་རུང་།། ཡེ་ནས་ཞབས་དེ་བཞིན་ཉིད་མི་གནས།། འཛིན་དང་རྟོག་པ་ཞེས་བྱ་ཏིང་ངེ་འདོན།། ཀུན་རྡོ་བ་དང་བའིན་གནས་པས་གདོང་ནས་བྲལ།། ནརླན
290b2 ཞིང་བརྗོད་དུ་མེད་པའི་དབྱིངས་ལས་འདས།། མཉམ་མེད་མི་མཉམ་མེད་པས་བདེ་བའི་ཀླུང་།། བྱ་བྱེད་ནད་དང་བྲལ་བས་ཆོས་ཀྱི་སུ།། དེར་ཡང་གནས་མེད་ལྷན་རྫོགས་ཡངས་པའི་ས།། དེ་ལ་དེ་བཞིན་ཀུན་འབྱེད་ཡེ་གྲུབ་འབྲས།། བྱང་ཆུབ་པ་སྔོབ
290b3 མེད་པས་བྱང་ཆུབ་ཉིད་མི་འདོད།། ཡེ་ནས་རྣམ་པར་དག་པས་མཚན་མར་བསྒོམ་དང་བྲལ།། བྱ་བྲལ་ལྟ་བའི་ཀླུང་ལས་མ་ཉམས་འཇུག་སྒོ་མེད།། ཐིག་ལེ་ཆེན་པོས་བཏབ་པའི་མཆོད་པའི་ཀྱང་།། སྙིང་པོ་ཚིག་བྲལ་དམ་པ་ཉིད་ལས་འདང་བྱ
290b4 མེད།། དཀྱིལ་འཁོར་གསུམ་གྱི་སྙིང་པོ་ཉིད་དེ་བསྔོ་དང་བྲལ།། འབྱུང་བ་ལྷ་ཡི་རྩ་བ་ཉིད་དེ་མཚོན་དུ་མེད།། སངས་རྒྱས་ཐམས་ཅད་འབྱུང་བའི་ཆུ་དེ་ས་བོན་ཚུལ།། འགྱུང་བ་ཉིད་ནས་མཁའ་ལས་འཇའ་བྱུང་ཚུལ་དུ་དབྱེར་ཡང་མེད།། འགྲོ་རྣམས
290b5 རྒྱ་མཚོ་ཆུ་བུར་ཀུན་འདུས་དབྱེར་མེད་ཚུལ་དུ་གཅིག། ཐིག་ལེ་གཅིག་ཏུ་བསྡུས་པའི་ཟིན་ཆགས་ནད་དང་བྲལ།། བླང་མེད་དོང་བ་མེད་པས་མྱ་ངན་འདས་འཁོར་མེད།། ཁམས་གསུམ་ཡེ་སངས་རྒྱས་པས་རིགས་མེད་གཅིག་གི་དང་།། ཡང་དག་ཉིད
290b6 ལ་ཡང་དག་ཉིད་ཀྱང་རྫོགས་པས་གཏི་མུག་ཉིད།། དམིགས་བྱ་དམིགས་བྱེད་མེད་པས་ཐུན་པའི་སྐུ།། ཐིག་ལེ་བདེ་ཆེན་སྐུ་ནི་ཐམས་ཅད་སྤངས་རྒྱས་པས།། སེམས་ཅན་ཀུན་བྱསད་ཐིག་ལེ་གཅིག་ཏུ་ཟླུམ།། ཆོས་ཞུགསལ་བའི་ཀླང་དུ་ཀུན་ག
290b7 པས།། མཚམས་མེད་ལྔ་སྤྱད་ཀུན་བཟང་ཡུམ་ལ་རོལ།། སངས་རྒྱས་ཉིད་ལས་གཞན་མེད་ཀུན་སངས་རྒྱས།། དེ་བཞིན་རྒྱས་ཕྱིར་དམིགས་སྤྱོད་ཟོས་པ་སངས་རྒྱས་ཉིད་ལ་རོལ།། རྨད་བྱུང་བྱང་ཆུབ་ཉིད་ནི་སངས་རྒྱས་ཟོས་པའི་ལྷ།། རིགས
iiif viewer powered by OpenSeadragon
290a - 291a