e-texts navigator
Collection
Volume
Page
Wylie

289b1 རྗེ་ཆེན་པོའི་བདག་ཉིད་ཀྱིས།། ཟླབ་མོ་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སངས་རྒྱས་ཕུལ་པ་འབྱུང་བ་རྙེད་པར་དཀའ།། ཡང་དག་རྨད་བྱུང་རྟོགས་པ་དེ་ཡི་ཆར་མ་ཕོད།། དལ་བ་འབྱོར་པ་རྙེད་པང་རབ་ཏུ་དཀའ།།
289b2 དེ་བཞིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉིད།། གསང་བ་རྨད་བྱུང་ཉིད་ཀྱིས་རབ་ཏུ་བསྡུས།། ཆོས་ཀྱི་མཚན་ཉིད་ཡེ་ནས་རྣམ་པར་དག། བདག་མེད་ངོ་བོ་མེད་པས་རྟོགས་པར་དཀའ།། རྣམ་པར་རྟོག་པའི་མཚན་ཉིད་ཐ་དད་པ།། བྱང་ཆུབ་སེམས
289b3 ཉིད་བསྐྱེད་པའི་སེམས་ཅན་ནི།། དེ་དག་ཤིན་ཏུ་རྙེད་པར་དཀའ་བ་སྟེ།། སེམས་ཅན་སངས་རྒྱས་སེམས་ཅན་མིང་མེད་པས།། སྔོན་རོལ་བྱུང་བའི་རྨད་བྱུང་བྱང་ཆུབ་སེམས།། སེམས་ཅན་སངས་རྒྱས་གང་ཡིན་རྟོགས་པར་དཀའ།། བྱང་ཆུབ
289b4 ཆོས་ནི་རྨེད་བྱུང་རྣམ་མ་ཏོག། མྱ་ངན་འདས་དང་འབང་བ་ཡེ་ནས་མེད།། རྨང་ཀྱང་བྱང་ཆུབ་སེམས་ཀྱི་མྱུ་གུ་ལ།། འབྱུང་བ་ལྔ་ཡང་འབྲས་བུའི་ཚུལ་དུ་བྱུད་།། སེམས་ཅན་ནམས་ལ་སྣང་དུ་རྗེ་བ་ཡིས།། སེམས་ཅན་དགའ་སྣ་པར་རབ་ཏུ་ཀཱ།། སེམས
289b5 ཅན་གཞི་རྩ་མེད་པའི་ཆོས་ཉིད་འདི།། སྐྱེ་དང་འཇིག་ཐལ་བྱང་ཆུབ་སེམས་ཉིད་དེ།། ཡེ་ནས་དགུ་སྟེ་རྒྱུ་འབྲས་ཡོངས་ཀྱིས་མེད།། ཀུན་གྲོལ་རང་ལ་རྫོགས་པའི་ལུ་ཉིད་ནི།། དུག་གསུམ་དུག་ལྔའི་ཐིག་ལེ་ཆེན་པོར་འཁྱིལྟ།། ཞེ་སྡང་ལ་སོགས་མིང་མེད་པས།།
289b6 རྨད་བྱུང་ལ་སོགས་ཆོས་ཀྱི་མཆོག། ཁྱབ་ཅིང་བརྡལ་བ་རྙོགས་པར་དཀའ།། བར་དུ་གཅོད་པའི་ཆོས་རྣམས་ཀྱི།། སྡིག་སོགས་བྱེ་བྲག་བསམ་མི་ཁྱབ།། དེ་བཞིན་རྨེད་གྱུང་སེམས་ཉིད་ཀྱིས།། དུག་ལྔ་བསད་དར་འཁོར་བ་བསད།། སངས་རྒྱས་ལ
289b7 སོགས་ཀུན་བསད་པའི།། སྡིག་པས་མཆོག་ནི་གོས་མི་སྲིད།། གོས་སུ་སྡིག་མེད་སྡིག་ཀྱང་བསད།། རྨད་བྱུང་བྱང་ཆུབ་སྡིག་པོ་ཆེ།། སངས་རྒྱས་ཀུན་གྱི་ཉིང་ཤ་ཅན།། དད་པའི་སྟོབས་ཀྱིས་བསོད་ནམས་ཆེར་འཕགས་པས།། དོན་འདི་ཡུད་ཙམ




iiif viewer powered by OpenSeadragon

289a - 290a

Texts on this page

Gdg006.38 - byang chub kyi sems rmad du byung ba'i rgyud