e-texts navigator
Collection
Volume
Page
Wylie

266b1 གད་།། ཡང་དག་ཡོ་གས་རྣམ་པར་གནས།། ཅོམ་ལྡན་པདག་ཅགསངས་རྒྱས་རྒྱགས།། ག་གནས་པ་ནས་འབྲལ་བསོད།། དགས་དཀྱིཔ་འགྲོང་དམགས་པ།། རྟོགས་དང་སྒྲུབ་པ་ལྡང་བ་མཐས།། དདུན
266b2 རྣམས་གསལ་བར་སྣང་།། ཐབས་མཁས་བྱང་ཆུབ་སེམས་དཔའ་རྣམས།། ཐེག་མཆོག་བླན་མེད་གཞུང་འདིར།། ཐུགས་རྗེ་ཡེ་ཤེས་རྣམ་དག་པ།། ཐམས་ཅད་ཀུན་དགོངས་གཟིགས་མཛད་དེ།། རྫིང་བའི་སྐབས་དབྱེ་མཛོད་ཅིག་ལགས།།
266b3 ཞེས་གསོལ་བ་ཡང་དག་པར་བཏབ་པོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལས། བསྟན་པ་ཇི་སྐར་སྣང་ཞིང་སྦྱོར་བའི་སྒོ་བསྟན་པའི་ལེའུ་སྟེ་དང་བྱའོ།། ། དེ་ནས་ཡང་དག་རྒྱ་ཆེན
266b4 པོའི།། མཐའ་ཡས་དོན་ཀུན་རབ་སྟོན་པའི།། ཐོག་མ་ཐེ་མ་རྣམ་དག་པས།། གཉིས་མེད་ཡེ་ཤེས་ཆེན་པོ་ཉིད།། དེ་དག་ཆོས་ཀུན་རང་བྱུང་བ།། བྱང་ཆུབ་སེམས་ཀྱི་སྟོང་པོ་ཅན།། འདི་ལྟར་བསྟན་པའི་ཚོགས་རྣམས་ཀུན། མ་འགག
266b5 རང་གི་ཡུལ་བཞིན་སྣང་།། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི།། ཐིག་ལེ་ཆེན་པོའི་གནས་ཉིད་དོ།། དེ་དག་སངས་རྒྱས་ཐམས་ཅད་ཀྱིས།། དོན་མཐུན་བསྟན་པར་འཇུག་པའི་ཕྱིར།། ཕྱི་ནང་ཀུན་ཏུ་བཟང་མོའི་ཚས།། རྒྱ་ཆེན་མུ་གསུམ་བདག་ཉིད
266b6 བདག། རང་གི་ཚུལ་གྱིས་སྟོན་པར་མཛད།། ཨེ་མ་ཧོ་ཐམས་ཅད་ལས་བྱུང་བའི།། ཚུལ་འདི་ངོ་མཚར་རྨང་ཀྱི་ཆོས།། དེ་བཞིན་གཤེགས་པའི་ཆོས་ཉིད་དེ།། འགྲོ་བ་ཀུན་གྱི་བོ་ཉིད།། དེ་དག་ཟག་པ་ཇི་ལྟར་བྱུང་།། མྱུ་དང་འབྲས་བུའི་ཚུལ་རྣམ
266b7 རིག་ལེ་ཆེན་པོར་བསྡུ་མཛད་པའོ།། རྣམ་གྲངས་རྣམ་པ་དུ་ཡིས་བསྟན།། དེ་བཞིན་སྐབས་ཀྱི་དོན་རྣམས་དང་།། རྩེ་ཟ་རིག་པ་ཇི་ལྟར་འགྱུང་།། ཆེ་བའི་རྣམ་གྲངས་གང་ཞིག་གིས།། དོན་རྣམས་གཉིས་མདོ་རྫོགས་པར་གནས།




iiif viewer powered by OpenSeadragon

266a - 267a

Texts on this page

Gdg006.36 - rdzogs pa chen po chos nyid byang chub kyi sems / rin chen bkod pa rnam par dbye ba'i rgyud