| | e-texts navigator
|
265b1 གང་ནའང་མི་གནས་པ་དང་། ཆོས་ཐམས་ཅད་གྲང་ནའང་མི་གནས་པ་ཉིད་སྒྲོལ་བའོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་གསང་བའི་རྒྱུད་དུ་བྱུང་བའི་གསང་བ་ཆེན་པོ་གསུང་བ་འགྲམ་སྡེ་ལས།། རྡོ་རྗེ་སེམས་དཔའ་རིག་པ་བསྟན་པ་གསང་བ
265b2 ཐམས་ཅད་ཀྱི་གསང་བ་མཆོག་རྨད་དུ་བྱུང་བའི་མན་ངག། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་ཉི་ཤུ་པའོ།། ། རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ་སནྣི་དྷརྨཏྟ་བོ་དྷི་ཙི་ཏཱ
265b3 རཏྣ་བྷུ་ཧ་བི་བྷེ་ད་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། རིན་ཆེན་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་གི་ཚེ
265b4 ས་མིས་བས་ན་།། དུས་བྱིན་དུ་བ་གགས་། དང་ནས་ཞེས་ཀྱད་སེཾ་ས་ནམས་ཀྱི་སྣང་པ་བརྒྱད་།། བན་ལ་མང་བའི་དང། གན་གསུག
265b5 ན་ལས་ཚོགས།། རང་གི་དཀྱིལ་འཁོར་རྣམས་བརྗོད་ཅིང་།། སངས་རྒྱས་ཀུན་གྱིས་བསྟོད་བྱེད་པའོ།། མི་གཉིས་ཤེས་རབ་འབྲེལ་པའི་གཟུང་།། རིགས་ཀྱི་དཀྱིལ་འཁོར་ཀུན་ཡུལ་སྦྱོར།། ཐུགས་རྗེ་ཆེ་དང་ཐབས་ཆེན་པོ།། ཡོན་ཏན་མ
265b6 འགགས་ཀུན་གསལ་ཞིང་།། ཕྱག་རྒྱའི་དཀྱིལ་འཁོར་ཇི་བཞིན་པར།། ཕྱག་རྒྱ་བསྟན་པའི་ཏིང་ངེ་འཛིན།། འོག་མིན་གནས་མཆོག་རྣམ་དག་མཁའ།། ཡེ་ཤེས་རྣམ་པར་འཕྲུལ་པའི་གནས།། རང་བཞིན་ཆོས་རྣམས་འགྲགས་མེད་ཅིང་།།
265b7 ཐམས་ཅད་རྐྱེན་གྱིས་རྣམ་པར་སྦས།། ཞི་ཁམས་ཆེན་པོ་མཐའ་ཡས་པར།། སྟོང་གསུམ་རྣམ་པར་བཀོད་པ་ཀུན།། ཐུགས་རྗེ་བྱང་ཆུབ་སེམས་ཀྱིས་མཛེས།། རང་གཞན་ཆོས་ཀུན་རྣམ་དག་པའོ།། དེ་ཚེ་ཕྱོགས་བཅུའི་བདེ་གཤེགས
iiif viewer powered by OpenSeadragon
265a - 266a