| | e-texts navigator
|
256b1 པའི་མིང་ཡང་མེད་དོ།། སུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་གྱི་རང་བཞིན་དང་། ཆེན་པོ་ལྔ་ཡེ་ནས་མེད་དོ།། སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པར་སེམས་ཅན་དང་སྡུག་བསྔལ་མིང་ཡང་མེད་དོ།། སངས་རྒྱས་ཀྱི་ངེས་པའི་ས་ཆེན
256b2 པོ་རྫོགས་པ་གཅིག་པུ་ལས་མ་གཏོགས་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་ཡུལ་དང་གནས་ཉིད་ལས་མེད་བསང་ལས་བྱུང་བའི་ཆོས་ལས་སེམས་ཅན་གྱི་ཡུལ་དྲང་གནས་མེད་དོ།། སྐུ་རྨད་དུ་བྱང་བ་དང་།
256b3 བྱང་ཆུབ་ཀྱི་སེམས་རྨད་དུ་མེད་པའི་རང་བཞིན་བསྟན་པས་ངེས་པའི་གསང་བའི་མན་ངག་བསྟན་པའོ།། སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་སུ་སྣ་ཚག་བཅིང་ཡང་སྣད་ད་ནི། ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། ཞེས་གསུངས་པ་ཡིནན།
256b4 བྱའི་ཁ་དོག་ཇི་ལྟར་སྣ་ཚོགས་ཅིར་ཡང་རོལ་པ་ནི་རིན་ཆེན་དང་འདྲ་སྟེ། རིན་པོ་ཆེ་དཀར་པོ་ཡང་རིན་པོ་ཆེའོ།། དམར་པོ་དང་སེར་པོ་དང་སྔོན་པོ་དང་། ལྗང་གུ་ལ་སོགས་པ་ནི་ཁ་དོག་ཅི་འདྲ་ཡང་རིན་པོ་ཆེ་ཉིད་དོ།། འདི་ནི་རིན་པོ་ཆེ་ཡིན་ལ
256b5 འདི་ནི་རིན་པོ་ཆེ་མིན་པ་ནི་མ་ཡིན་ནོ།། དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྐུ་ཡང་ཁ་དོག་ཐམས་ཅད་དུ་སྣང་བ་དང་། དབྱིབས་ཐམས་ཅད་ཇི་ལྟ་བུར་འདུག་པ་དང་། དྲི་ཅི་མ་ནམ་པ་དང་། རོ་ཇི་ལྟར་དྲོ་བ་དང་། གཟུགས་ཇི་ལྟར་སྡང་བ་དང་། སྒྲ་ཇི
256b6 ལྟར་ཐོས་པ་དང་། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ཏེ། ཀྱལ་བའི་རྒྱལ་བ་རྣམས་ཀྱི་སུ་ཡིན་གྱི་ཁ་དོག་དང་དབྱིབས་འདི་ནི་རྒྱལ་བའི་སྒྲ་ཡིན། འདི་ནི་མ་ཡིན་པ་ལྟ་བུ་ནི་མ་ཡིན་ནོ།། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ།།
256b7 ཚོགས་གཟུགས་ཅན་ཡིད་ལས་ཀྱིས། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་ཡེ་ཤེས་འརྒྱད་སོ་སོར་དབྱེར་མེད་པ་གང་གིས་མི་ཆོད་པའི་དོན་རིག་པའི་ཡེ་ཤེས་ཀྱི་བུ་དང་གཉིས་སུ་མེད་པར་ཤར་བ་ནི་ཐགས་སོ།། སེམས
iiif viewer powered by OpenSeadragon
256a - 257a