e-texts navigator
Collection
Volume
Page
Wylie

255b1 བྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ།། དེ་བཞིན་གཤེགས་པའི་སུན་ཕྱེ་དང་ནང་དང་ལུས་ངག་ཏུ་ཡང་སྣད་ལ། ཀུན་དུ་ཡང་ཁྱབ་པར་སྣང་བས། ཀུན་ལ་ཡང་སྣང་ངོ་།། ཀུན་ཏུ་སྣང་བར་མཛད་དོ།། ཡང་ཇི་སྐད་གསུངས་ཤེ་ན། ངངེ་སྐུ་རྣམ་པར་དང་།
255b2 པ་ནི་ཅིར་ཡང་སྤྲུལ་ཅིང་ཅིར་ཡང་འགྱུར་ཞིང་ཀུན་ཏུ་འགྱུར་བ་ཉིད་ཡིན་ཏེ། སུ་ལྔ་ལས་གྱུར་པའི་ཆོས་ཏེང་ལ། ང་རོལ་པ་ཆེན་པོ་རྡོ་རྗེ་རྣམ་པར་རོལ་བ་མཛད། རྟག་པར་བཞུགས་ཤིང་རྟག་པར་རྣམ་པ་ཅིང་ཡང་རོལ་ལོ།། རྡོ་རྗེ་རྣམ་པར་རོལ་པ
255b3 ཆེན་པོ་འིར་ཡང་མཛད་དོ།། ཆོས་ཉིད་ལ་མངའ་མཛད་པའི་རོལ་པ་ཆེན་པོས་སྐྱའི་ཆོ་འཕྲུལ་ཅིང་ཡང་སྣང་ཞིང་ཅིར་ཡང་སྟོན་ཆོ་འཕྲུལ་ཆེན་པོ་ཅིར་ཡང་མཛད་དོ།། སྒྲ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་མཛད་པས་སོ།། དེ
255b4 ཕྱིར་སེམས་དཔའ་ཆེན་པོ་ཕྱིའི་སྤྱོད་ཡུལ་ཐམས་ཅད་འདི་ལྟར་ཡིན་ནོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་གཟིགས་མོའོ།། ཡུལ་ལོ།། ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ།།
255b5 ཡེ་ནས་མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ།། མ་བྱུང་བ་འབྱུང་བར་བྱེད་པའི་དམ་ཚིག་གི་ཡུལ་ལོ།། ཕུ་གསུང་ཐུགས་མངོན་པར་བསྟན་པ་ཉིད་དོ།། སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ།། སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ།།
255b6 གསུང་ཐུགས་རོལ་པའི་ཆོ་འཕྲུལ་ཆེན་པོ་རོལ་པ་ཉིད་དོ།། རྫུ་འཕྲུལ་ཆེན་པོ་ཉིད་ཀྱི་རང་བཞིན་ནི་ངའི་མཐུ་ལས་བྱུང་བ་ཉིད་དོ།། ངའི་སྟོངས་ལས་བྱུང་བའི་ཆོས་སོ།། སུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་ཉིད་དོ།། གོང་གསུམ་གྱི་སྟོང་ཆེན
255b7 འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ།། བབུགས་གནས་སོ།། གཞལ་ཡས་ཁང་ངོ་།། འདི་དག་ཐམས་ཅད་ནི་ངའི་སྐུའོ།། ངའི་གསུང་ངོ་།། ངའི་ཐུགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལ




iiif viewer powered by OpenSeadragon

255a - 256a

Texts on this page

Gdg006.35 - rdzogs pa chen po dpal gyi dpal chos chen po rmad du byung ba