e-texts navigator
Collection
Volume
Page
Wylie

253b1 ཅད་ངོ་བོ་ཉིད་གཅིག་པ་ལས་ཐ་དད་པར་རྟོགས་པ་ལས་ཕྲག་དོག་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཡེ་ནས་བྱང་ཆུབ་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པ་ལས་མཚན་ཉིད་སོ་སོར་འཛིན་པ་ལ་ཕྲག་དོག་པ་དང་། ཡང་དག་པའི་དོན་མ་ནོར་བ་གཏན་ལ་ཕབ་པ
253b2 ལ། ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་ལ་ཕྲག་དོག་པ་དང་། ཆོས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལས་དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང་། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ།། ཆོས་ཆེན་པོ་རྨད་དུ
253b3 བྱུང་བ་ལས། བྱང་ཆུབ་སེམས་དཔས་ཟར་པའི་ལམ་བསྟན་པའི་ལེནྡ་སྟེ་བདུན་པའོ།། ། རྡོ་རྗེ་སེམས་དཔའ་ཆེན་པོ་ཁྱོད།། ཡང་དག་སངས་རྒྱས་ལ་མ་རིག་པ།། ནམ་མཁའ་ལྟ་བུར་སྐྱེ་བ་མེད།། རྣམ་དག་ཕུང་པོ་ལྔ་བདེད།།
253b4 སྣ་ཚོགས་ངེས་པར་ཁྱོད་ལས་བྱུང་།། ཁྱོད་ལས་མ་བྱུང་གཅིག་ཀྱང་མེད།། སྣ་ཚོགས་འབྱུང་བ་ཀུན་གྱི་རྒྱུ།། སངས་རྒྱས་ཀུན་གྱི་སྐུལ་པའི་སྐུ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ
253b5 ཤེས་ཐམས་ཅད་ལམ།། རྒྱུ་མེད་ཆོས་ཏེ་སྣ་ཚོགས་དོན།། འབྱུང་བ་རྣམས་པས་ཁྱོད་སྔར་བྱུང་།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ཏེ་འཇིག་པ་མེད།། ཁྱོད་ལས་བྱུང་བ་ཡི་གེ་མེད།། གསང་སྔགས་དོན་དུ་བསྐྱེད་རྣམས
253b6 ལ།། རྣམ་པ་ཀུན་ལྡན་རྣམ་པ་མེད།། ཡན་ལག་མེད་པའི་རྩིས་ལས་འདས།། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ།། ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད།། སངས་རྒྱས་བྱང་ཆུབ་བླ་ན་མེད།། རང་གི་ལོངས་སྤྱོད་དང་ལས་སྐུལ།།
253b7 རང་ལས་སྤྲུལ་པའི་སྒྲ་རྣམས་ལ།། རང་གིས་ལོངས་སྤྱོད་ཅི་ཡང་མཛོད།། སྤྲུལ་པ་སྣ་ཚོགས་ཅིང་ཡང་སྟོན།། ཁྱོད་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་།། རོལ་པའི་སྐུར་ནི་ཅིར་ཡང་རོལ།། སངས་རྒྱས་རོལ་པ་ཁྱོད་ལས་བྱུང་།། སེམས




iiif viewer powered by OpenSeadragon

253a - 254a

Texts on this page

Gdg006.35 - rdzogs pa chen po dpal gyi dpal chos chen po rmad du byung ba