| | e-texts navigator
|
252a1 ཞེས་པར་ན་ཀླུད་ནཆགསསས་ང་ར་ལས་ཀྱང་ནགསང་ནང་དུ་བྱུང་བ་དཀྱིས་གང་མནན།། སྒྲ་འ་འདས་པ་ན་ག་སྔ་གས་གྲུས་རྙེད་དུ་བྱུང་བ་བྱང་ཆུ་བྱསེམས་ཅང་དུཐང་བ་ཉིད་པནན།
252a2 ཀྱེ་སེམས་དཔའ་ཆེན་པོ། རང་རིག་པའི་སེམས་ལས་བྱུང་བའི་ཆོས་སུ་མི་མངའ་བར་ཀུན་ལ་ཁྱབ་པར་གནས་པ་ནི་ནམ་མཁའ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། ས་དང་གསུང་དང་དཔེ་བྱད་ལས་འདས་པ
252a3 སུན་ས
252a4 མེད་པ་རྨད་དུ་བྱུང་བ་ཉིད་དོ།། དངས་མ་དེ་གསལ་བའི་སྙིང་པོ་ཤིན་ཏུ་བརྟག་དཀའ་བའི་ཡེ་ཤེས་ཏེ་ཐུགས་ཉིད་དུ་གྱུར་པའོ།། ཀྱེ་སེམས་དཔའ་ཆེན་པོ། འབྱུང་བ་ཆེན་པོ་སོ་སོར་མ་བཅོས་མ་བྱས་བསམ་པ་མེད་པ་ལས་སྒྲ་སྐང་སྣ་ཚོགས་འབྱུང་བ་ནི་ང་ཉིད
252a5 ཡིན་ནོ།། ཀྱེ་སེམས་དཔའ་ཆེན་པོ། སྒྲ་འདི་དག་ནི་བདག་ཉིད་ལས་བྱུང་བས་གང་གི་ངོ་བོར་ཡང་མ་གྲུབ་པ་ནི་ཆོས་ཀྱི་སྐུ་སྟེ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའོ།། འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་འབྱུང་བ་དང་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་དུ་གྱུར་པས
252a6 བྱང་ཆུབ་ཀྱི་སེམས་མད་དུ་བྱུང་བ་ཉིད་དོ།། འབྱུང་བ་ཉིད་དོ།། འབྱུང་བ་ཆེན་པོ་བཞི་ལས་བྱུང་ཞིང་སྐྱེ་པ་དང་། སྐྱེ་བ་རྣམ་བསྐོར་སེམས་ཅན་རྣམས་བདག་ཉིད་དུ་གྱུར་པས་སངས་རྒྱས་པ་མེད་པའི་སངས་རྒྱས་པ་ཡིན་པས་བྱང་ཆུང་སེམས་རྨད་དུ
252a7 བྱུང་བ་ཉིད་དོ།། ཀྱི་སེམས་དཔའ་ཆེན་པོ། དེ་ལས་བྱུང་བ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ཉོན་མོངས་པའི་དྲི་མ་ཡེ་ནས་མེད་པའོ།། བྱང་ཆུབ་ཅེས་བྱ་བ་ནི་འདས་པ་དང་། མ་བྱུང་བ་དང་། ད་ལྟར་བཞུགས་པ་དང་། སྟོང་གསུམ
iiif viewer powered by OpenSeadragon
251b - 252b