| | e-texts navigator
|
251a1 ལ་ཐོགས་པ་མེད་པར་འགྲོ་བ་དང་། སྦྲུལ་པ་ཆགས་ཅེར་ཡང་ནང་བུ་དང་། ཟླ་སྐད་དྷ་ཚོགས་འབྱུང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་སུ་མང་བ་ན་སྲིད་པ་ཐོས་དང་། མཕྲད་དང་།
251a2 ཆོས་ཐམས་ཅད་ངའི་ལུས་ངག་ཡིད་གསུམ་གྱི་མཐུ་ལས་གྱུར་པ་ཡིན་ནོ།། དེང་ཕྱིར་སོ་སོར་ཀུན་དུ་རྟོགས་པའི་ཡེ་ཤེས་ཀྱིས། སེམས་ཅན་ཇི་སྲིད་འཁོར་བའི་ཆོས་ཐམས་ཅད་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དར་། འདས་པ་དང་མ་འོངས་པ
251a3 དང་། ད་ལྟར་བཞུགས་པ་དང་། སྲིད་པ་གསུམ་དང་ཁམས་གསུམ་དང་། མཆོག་གསུམ་དང་། ཡུམ་གྱི་ལྷུམས་ན་བཞུགས་པ་དང་། འབྱུང་བ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། བྱོལ་སེང་དང་། ཡི་དྭགས་དང་།
251a4 དམྱལ་བ་དང་། ལྷ་དང་། མི་དང་། རྒན་པ་དང་། གཞོན་པ་ལ་སོགས་པ་ཐམས་ཅད་པ་ཉིད་ཡིན་པས། ང་ཉིད་ཀྱི་ཐུགས་ལས་སྤྱིར་བ་ཡང་མ་ཡིན་ནོ།། ཡིད་རང་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་། ལྷའི་ལོངས་སྤྱོད་ཐམས
251a5 ཅད་དང་། རྒྱ་མཚོ་དང་། རི་རབ་དང་། གླེང་ལ་སོགས་པ་འདི་ངའི་བྱང་ཆུབ་སེམས་ཡིན་ནོ།། ངག་ན་འདུག་པ་ཉིད་ཡོངས་སུ་རྫོགས་པའི་སངས་རྒྱས་ཡིན་ནོ།། ང་ཅིར་ཡང་འགྱུར་དུ་བརྔུབ་པའི་དུས་ངན་ན་ཡང་སངས་རྒྱས་སོ།། དབྱེ་བ་ཉིད་བང
251a6 སྐྱེས་པར་གྱུར་པ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ།། ང་རོལ་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་ཡིན་ནོ།། སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པ་ནི
251a7 ངངའི་བྱང་ཆུབ་ཀྱི་སེམས་སོ།། མབྱུང་མ་གྱུར་པ་གཅིག་ཀྱང་མེད་དོ།། བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་མཐུས་སངས་རྒྱས་སོ།། བྱང་ཆུབ་ཀྱི་སེམས་ལ་ནས་སངས་རྒྱས་སོ།། བྱང་ཆུབ་སེམས་ནི་ཅིར་ཡང་སྣང་། ཅིར་ཡང་འབྲར་དུ་བཏུབ་པ་ཞིན
iiif viewer powered by OpenSeadragon
250b - 251b