| | e-texts navigator
|
250b1 ཐོས་པ་ང།། ཐམས་ཅ་དང་ལས་བྱས་པ་ན།། རྣམས་ད་ལས་བྱུང་བའན།། ཞས་ག། །། ཆོས་ཅན་པམ་དུ་བྱུང་བ་ང། ཞམ་ས་པནས་པ་གསུང་བརྣལ་མན་ཅན།། མ་པ་བང་ན
250b2 བཀྲུས་པས་མི་འདག་ནམ་མཁའ་བཞིན།། སྐྱེ་དང་བྲལ་བའི་བྱང་ཆུབ་ལ།། བྱང་ཆུབ་རྒྱ་འབྲས་ཡོངས་ཀྱིས་མེད།། མད་བྱུང་བྱང་ཆུབ་སེམས་འདི་ནི།། རང་གི་རིག་པ་ཆེན་པོས་མཁྱེན་ནས། རོལ་པའི་ཐབས་ཆེན་རང་ལ་རྫོགས་པར་སངས་རྒྱས་སོ།།
250b3 འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཡེ་ནས་ཡོད་ཅིང་མཐང་གནས་པས་ཡེ་ན་ས་དག་སྟེ། འདོད་ཆགས་ཉིད་ངའོ།། ཞེ་སྡང་ངོ་།། གཏ་ཁྱ་ག་ངོ་།། ང་རྒྱལ་ངའོ།། ཕྲག་དོག་དདོ།། དེའི་དུས་སུ་སྔོན་བྱེང་བ་དང་། ད་ལྟར་གཉིས
250b4 དབྱེར་མེད་པར་གནས་པའི་ཕྱིར་ལྷན་ཅིག་འབྱུང་བའི་ཆོས་འདོད་ཆགས་རང་བཞིན་གྱིས་རྣམ་པར་དག་པས་ཞེ་སྡང་ལ་སོགས་པ་རྣམ་པར་དག་གོ། འདོད་ཆགས་སྤྲོས་པ་མེད་པས་སྐྱེ་རྫང་ལ་སོགས་པའི་མིང་མེད་དོ།། སེམས་ཉིད་ལས་བྱུང་བའི་ཆོས་སོ།།
250b5 རང་བཞིན་གྱིས་རྣམ་པར་དག་པས་སོ་སོར་དབྱེར་མེད་པ། བཏན་པ། མཁྲེགས་པ། མ་སྒྲགས་པ། མི་ཆོད་པ། རྡོ་རྗེ་སྙིང་པོར་སྦྱོར་བ། གཉིས་སུ་མེད་པ། སོ་སོ་མ་ཡིན་པའི་ཆོས་མརྣམུ་པ་ཉིད་ལས་ཆོས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་རང་གི
250b6 སེམས་ཉིད་ལས་བྱུང་ཞིང་། རིགས་དང་རིགས་ལྔར་གྱུར་པའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ། འཁོར་ཕུར་སུམ་ཚོགས་པ་ལས་བྱུང་ཞིང་སྤྱོད་པའོ།། རྒྱུ་རྐྱེན་རྟེན་འབྲེལ་གྱི་ནུས་མབྲུ་ཉིད། སྣང་མཛད་ཀྱི་བྱང་ཆུབ་སེམས་ཉིད། ལུས་དང་ངག་དང་།
250b7 སེམས་དབྱེར་མེད་པར་མཉམ་པ་ཉིད་དུ་གྱུར་པ། ངོ་བོར་བསམ་པ་དང་བྲལ་བའི་མཐུས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་རང་ལས་བྱུང་ཞིང་འབྱུང་བ་དང་། འོད་དང་མངོན་པར་ཤེས་པ་དང་། བྲག་དང་། ཆུ་དང་། ནམ་མཐ
iiif viewer powered by OpenSeadragon
250a - 251a