e-texts navigator
Collection
Volume
Page
Wylie

250a1 སེམས་དབང་ཟན་པོ། བསྐལ་པ་འབུམ་ཕྲག་ལྡན་རོལ་དུ།། ང་ཉིད་གཅིག་བྱ་སྔོན་དུ་བྱུང་།། འབྱུང་བ་བྱས་ནིང་སྔར་བྱུང་།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ང་ལས་བྱུང་བ་དམ་ཕྱིར།། སེམས་དཔའ་ཆེན་པོ་ཐུགས་ཉིད་ནི།།
250a2 ང་ཡི་བྱིན་རླབས་ཆེན་པོ་བས།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། རྣལ་འབྱོར་ཆེན་པོ་ཀུན་འདུས་ནས།། འོད་ཟེར་མངོན་སུམ་ཉི་བཞིན་ཤར།། སེམས་དཔའ་ཆེན་པོ་སྐལ་བཟང་ཡིན།། རྣལ་འབྱོར་གང་ཞིག་འདི་འཆད་པ།། སེམས་དཔ
250a3 ཉིད་ཀྱི་སྐུ་གསུང་ཐུགས།། དེ་ཉིད་ཡིན་པར་ཤེས་པར་གྱིས།། དོན་འདི་རིག་པའི་རྣལ་འབྱོར་པ།། སངས་རྒྱས་ས་ལ་མི་གནས་ཏེ།། ཐམས་ཅད་པ་ཉིད་ང་ཡི་ཐུགས།། སེམས་ཚན་སངས་རྒྱས་ང་ལས་སྐྱེས།། ཞེས་གསུངས་སོ།། ཆོས་ཆེན་པོ
250a4 མང་དུ་བྱུང་དུ་ལས། ཆེ་བ་བསྙེད་པའི་ལེཝ་སྟེ་གསུམ་པ།། གསང་བ་ཞལ་གྱིས་བཞེས་པ། སེམས་དཔའ་ཆེན་པ། དཔྱད་པ་པོ་ང་ཉིད། ངརང་བཞིན་གྱི་རྣམ་པར་དང་ནས་སངས་རྒྱས་པས། འདྲུག་བྱས་ས་ལནས་མེད
250a5 དོ།། དེའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ།། ང་ཉིད་ཆོས་ཀྱི་སྐུའི་རྣལ་འབྱོར་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ།། སངས་རྒྱས་ཀུན་པས་སྔར་སངས་རྒྱས་པའོ།། ནམ་མཁའ་མེད་པའི་སྔོན་རོལ་ན།།
250a6 ནམ་མཁའི་མཚན་ཉིད་ཡེ་ནས་མེད།། གང་ལ་ཆགས་མེད་སྔོན་རོལ་ན།། ཆགས་པའི་འདོད་ཆགས་ཡོངས་ཀྱིས་མེད།། སྲིད་པ་མེད་པར་སྔོན་རོལ་ན།། སྲིད་པའི་ཆོས་ཉིད་ཡེ་ནས་མེད།། འབྱུང་བ་མེད་པའི་སྔོན་རོལ་ན།། ཆེན་པོ་ལྔ་ཉིད་ཡེ་ནས
250a7 མེད།། སངས་རྒྱས་མེད་པའི་སྔོན་རོལ་ན།། སེམས་ཅན་མིང་ཉིད་ཡེ་ནས་མེད།། སྔོན་དུ་འཁོར་བའི་ཆོས་ཡང་མེད།། མྱ་ངན་འདས་པའི་སྔོན་རོལ་ན།། འཁོར་བའི་ཆོས་ནི་ཡེནས་མེད།། དེ་ཕྱིར་འབྱུང་ལས་ང་སྔར་བྱུང་།། ཐམས་ཅད་ང་ཡིས




iiif viewer powered by OpenSeadragon

249b - 250b

Texts on this page

Gdg006.35 - rdzogs pa chen po dpal gyi dpal chos chen po rmad du byung ba