e-texts navigator
Collection
Volume
Page
Wylie

247b1 པས་བདུད་དང་སྲིན་པོའི་མཐུ་བྱིན་ཟིལ་གྱིས་གནོན། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ།། རྟོགས་པའི་དོད་ལ
247b2 རྩེ་གཅིག་ཏུ་མ་ཡེངས་པར་གནས་ན། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱ་སྟེ། རྡོ་རྗེའི་གདན་ལ་རྡོ་རྗེ་བཞག་པའོ།། འཇམ་དཔལ་དྲི་མེད་སྙིང་པོ་ངས། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། གསང་བའི་རྒྱུད
247b3 གསུམ་ཡང་དག་ཐུགས་ཀྱི་རྒྱུད།། ཐུགས་ཀྱི་ཀློང་ནས་བྱུང་ནས་གདམས་པར་བཞག། སངས་རྒྱས་ལག་ཏུ་གཏད་པའི་ཕྱིར།། སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཐུགས་ལས་ནོར་བུདྲི་མ་མེད་པའི་རྒུད་མཛད
247b4 དོ།། འབྲས་བུ་བླ་ན་ཡོད་པ་དང་། བླ་ན་མེད་པའི་ཐེག་པ་ཤན་ཕྱེ་བའི་ཕྱིར། ལྗགས་ཀྱི་པདྨོ་ལས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་བྱ་བ་བྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་མཛད་དོ།། སངས་རྒྱས་ལ་སྤྲུལ
247b5 པའི་སྒྲ་ཡེ་ཤེས་ཀྱི་ལུས་སུ་གནས་པའི་ཕྱིར་མཛོད་སྤུའི་བུ་ག་ནས། འོད་ཟེར་ལྔ་འཕྲོས་ནས། སངས་རྒྱས་འོད་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་ཕུང་ནས། ལྷ་མོ་འོད་ཟེར་ཅན་གྱི་རྒུད་མཛད་དོ།། ལས་དགེ་སྡིག་མཐོ་དམན་མེད་པ
247b6 ལ་བཟླ་བའི་ཕྱིར་ཤངས་ཀྱི་རླུང་སྦོམ་ནས་མཐུ་སྟབས་ཀྱིས་བདག་པོ་ཕྱག་ན་རྡོ་རྗེ་ཕྱུང་སྟེ། བྱ་རྩོལ་མེད་པ་ཡེ་ཤེས་བླ་མའི་རྒྱུད་ཕུང་སྟེ། ཆས་ལས་འདས་པའི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ།། ཞེས་བྱང་ཆུབ་ཀྱི་སེམས་མ་བྱ་མཇིང་བསྣོལ་གྱི་ཆུད་ལས། རྫོགས་པ་ཆེན
247b7 འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་སྟེ་དྲུག་པའོ།། ། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིད་བསྣོལ་གྱི་རྒྱུད་ཅེས། འཇམ་དཔལ་དྲི་མ་མེད་པའི་སྙིང་པོས་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་གདམས་པའོ།། རྫོགས་སོ།། དིས་ཐ་མདི་རྗོ་གྱི་ཛི་ལྡན་པོས་གྱུ་བཛ།




iiif viewer powered by OpenSeadragon

247a - 248a

Texts on this page

Gdg006.34 - byang chub kyi sems rma bya mjing bsnol gyi rgyud las / 'bras bu bla na med pa'i theg pa