| | e-texts navigator
|
246b1 ཅན་ཀུན་ལྡིབསྐྱབས་མཛད་པས།། མགོན་པ་དྲི་མེད་ཡེ་ཤེས་སྨྲ།། འགྲོ་བའི་དོན་དུ་སྐུར་སྤྲུབ་པའི།། རང་བྱུང་སངས་རྒྱས་རྣམ་པར་གཟིགས།། བྱམས་མགོན་ཐུགས་རྗེས་བསྐྱབས་མཛད་ཅིང་།། སངས་རྒྱས་ལོག་པར་དད་སེལ་ལ།།
246b2 གུས་པའི་ཚུལ་གྱིས་སྐྱབས་སུ་མཆི།། ཞེས་བརྗོད་ནས་བསྟོད་པའོ།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཛད་བསྣོལ་གྱི་རྒྱུད་ལས། སྤྱོད་པ་བརྟག་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲི་བ
246b3 ས་གནས་། སྐྱེ་པ་ད་། ཀྱི་ད་། ས་དཔ་ན་འང།
246b4 ན
246b5 ཚུལ་བཞིན་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔལ་བེའུ་ནས། སངས་རྒྱས་བྱམས་པ་མི་མཉམ་མགོན་པོ་ཞེས་བྱ་བ་བྱུང་ནས། རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ།། དབུ་ཡི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྲིང་པོ
246b6 ཞེས་བྱ་བ་བྱུང་ནས། སྐུ་གདུང་དང་རིང་བབྲེལ་གྱི་ཆོས་བསྟན་ཏོ།། ཞལ་གྱི་ལྗགས་བཟང་ནས་སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། རྫུ་འབྲས་ཀྱི་ཆོས་མ་ལུས་པ་བསྟན་ཏོ།། སངས་རྒྱས་སྟོང་གི་ཡོན་ཏན་ནི།
iiif viewer powered by OpenSeadragon
246a - 247a