e-texts navigator
Collection
Volume
Page
Wylie

246a1 མཁའ་ལ་གཟུགས་། མཛུབ་མནས་མ་ཁྭ་དུ་རྗོན་ད།། ས་རྒྱ་སྒྲའི་སྤྲུལ་བའི་རྒྱུཿམས་སུ་བསྐུར་བའི་དུས་སུ། ལུས་ལྔ་གྲང་དྲོ་དང་ན་ཙམ་ཅིང་ག་ཅེད་བུའི་སྤྱད་པ་།
246a2 འབྱུང་དུ་འཆར་ཏེ་ནམ་མཁ་རི་མོ་ལ་ཁུངས་འདོན་པའོ།། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་དུས་སུ། ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མ་ཆགས་པར་རི་དྭགས་རྨས་མ་ལྟར་གཅིག་པུར་སྩལ་འམ
246a3 པའི་སྤོད་པ་འཚར་རོ།། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཤིང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུས་ནི། ནམ་མཁའ་ལ་འགྲོ་བ་དང་ཚུལ་མི་ནུབ་པར་འགྲོ་བ་དང་། གཞན་གྱིས་སྐྱེ་བསྤྱོད་པར་འགྱུར་ར།
246a4 རིག་པ་དབྱིངས་ལ་ཤར་བའི་དུས་སུ། ཡུལ་གཞན་གྱི་སྣང་བ་མཐོང་བར་འགྱུར་རོ།། སེམས་ལས་སུ་རུང་བའི་དུས་སུ། གཞན་གྱི་སེམས་ཤེས་ཤིང་དངོས་པོ་ཐམས་ཅད་ལ་རྫུན་དུ་སྣང་བར་འགྱུར་རོ།། ཆོས་ཉིད་སྟོང་ངེ་བ་ཉིད་པས་སུ་རུ
246a5 བའི་དུས་སུ་ཕྱིའི་འབྱུང་བ་དང་མི་མ་ཡིན་གྱི་སྒྲ་ཐམས་ཅད་སེལ་བར་འགྱུར་རོ།། སྤྱོད་པ་རྣམ་པར་དག་པ་དེ་ནམས་ནི་བྱད་དག་པའི་རྡོ་རྗེ་སེམས་དཔའ་ལ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་པའོ།། ནམོ་བུ་དྷཱ་ཡ།
246a6 ཏདྱ་དྷཱ་དྷརྨཱ་ས་ད་དྷ་རྀ། མཉྫུ་ཤྲཱི་ཨཱ་པྲ་བྷ། བྷ་ག་བ་ཏི་པ་པ་རི། སུ་ཀ་ཡ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ལྀ་དང་སྟེ། བཅོམ་ལྡན་འདས་ལ་ཐལ་མོ་མཉམ་པར་སྦྱར་ནསྭ། ཡན་ལག་ལྔ
246a7 ལ་བཙུགས་ཏེ། རྩེ་ལེགས་སོ་ལེགས་སོ་དཔལ་ལྡན་མགོན་པོ་ཆེ།། ཞལ་ནས་ཕྱུང་བས་བཀང་སྩལ་དེ།། གསུང་བ་ནི་ཉིད་དོན་གྱི་མཆོག། བདག་རློའི་མུན་པ་ཁ་འབྱེད་པའི།། སྣང་གསལ་ཐུགས་རྗེ་འོད་ཀྱི་མེ།། སེམས




iiif viewer powered by OpenSeadragon

245b - 246b

Texts on this page

Gdg006.34 - byang chub kyi sems rma bya mjing bsnol gyi rgyud las / 'bras bu bla na med pa'i theg pa