| | e-texts navigator
|
245a1 དུས་སུ་རྒྱམ་མཚན་པོར་ཆུ་ཟན་འདྲ་བའི་ཚུལ་ཏེ། ས་ཉིད་སྐྱེ་བ་མེད་པར་གླང་དུ་ཆོས་ཅན་མཚན་པར་སྣང་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བ་ཞེས་གྲགས།
245a2 སོ།། ཆོས་ཐམས་ཅད་ལ་དབྱེ་བ་མེད་ཅིང་བཟང་ངན་མི་བསྡུ། བདག་གཞན་དུ་མི་བལྟ་བའི་དུས་ན། ནམ་མཁའ་དང་ཉི་མའི་ཚུལ་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་ནས་གཟིས་ཞེས་གྲགས་སོ།། ཆོས
245a3 ཐམས་ཅད་གང་ཡང་མི་ལེན། གང་ཡང་མི་འདོར་གང་གིས་ཀྱང་མི་བསྒྲི་བ། གང་གིས་ཀྱང་གྲོགས་མི་ནུས། གང་ལ་ཡང་མི་བརྟེན། གང་དུ་ཡང་མི་གོལ། རང་བཞིན་རྣམ་པར་དག་པས་མཐའ་མེད། ཤེས་བྱའི
245a4 ངོ་བོ་ལ་མ་བསྒྲིབས་ཡོངས་སུ་གསལ་བས། ཆད་པའི་མཐའ་མེད་པས། འཕགས་པ་ནམ་མཁའི་སྙིང་པོ་ཞེས་གྲགས་སོ།། ཞེས་བྱང་ཆུབ་སེམས་དཔའ་མ་བྱ་མཇིང་བསྣོལ་གྱི་བྱེད་ལས། གཞི་ལམ་འབྲས་བུ་རྣམ་པ
245a5 གསུམ་མཐོང་ཕྱིན་པར་བསྟན་པའི་ལེའུ་སོ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་རྗེན་པོས་ཡང་ཞུས་པ། འདུམ་དཔལ་གཞོན་ནུ་དཔའ་བོ་མཆོག།། གཞི་ལམ་འབྲས་བུ་མ་ནར་ཕྱིན་པས།
245a6 མོངས་འཁོར་བའི་རྒྱུད་བཅད་དེ།། དག་པའི་ཞིང་དུ་ཡང་དག་བསྒྲལ།། རྣམ་རྟོག་དཔའ་བོ་ཟིལ་གྱིས་ནན་པའི་ཕྱིར།། སྤྱོད་པའི་ཆུ་ས་ཁྲིམས་བཤད་དུ་གསོལ།། ཞེས་ཞུས་པས། རྡོ་རྗེ་འཛིན་པ་ངལ་ཉོན།།
245a7 རྣམ་པ་གསུམ་དུ་བརྟགས།། གླང་པོ་ཆེ་ལམ་དུ་ཞུགས་པའི་སྤྱོད་པ་དང་། སྨྱོན་པ་སྙིང་སྟོར་དྲན་པ་མེད་པའི་སྤྱོད་པ་དང་། ཤེད་ལ་བྱེའི་བུ་ཆུང་ལྟ་བུའི་སྤྱོད་པའོ།། དེའི་གྲོགས་གསུམ་ལ། འདམ་གྱི་པདྨའི་མེ་ཏོག་དང་།
iiif viewer powered by OpenSeadragon
244b - 245b