| | e-texts navigator
|
243a1 ར་། རྒྱུན་མས་། ང་དུ་ན་ང་དུ་རྒྱུ་།། ནསན
243a2 དྲཔའ་སེམས་དཔའ་ཆེན་པོས།། ཡང་ཞུས་པོ། ཀྱིལ་བཅོམ་ལྡན་རྡོ་དང་ཚད།། ཟད་མེད་ལམས་རྙེབ་གནས་པའི།། དེ་བཞིན་གཤེགས་པའི་བསམ་གཏན་གྱིས།། བློ་དངོས་གཉིས་མེད་སྦྱོར་བ་ནི།། སངས་ཀྱུ
243a3 ཉིད་ཀྱི་དགོངས་པ་སྟེ།། ཐབས་ལ་མཁས་པས་བསྟན་དུ་གསོལ། ཞེས་ཞུལ་པས། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག། དཱི་པ་དྲིས་པ་ལེགས་སོ།། དེ་བཞིན་གཤེགས་པའི་དགོངས་པ་དཔག་ཏུ་མེད་ཀྱང་། སེམས་ཅ་གྲོ
243a4 བྱེ་བྲག་དང་སྤྱད་ནས། ཆོས་ཇི་བཞིན་པ་ལ་བློ་དེ་བཞིན་མི་གནས་པའི་ཆེད་དུ། མར་མེ་སྡོང་བུ་བསྟན་པའི་ཚུལ་དུ་མ་བཅོས་ཇི་བཞིན་གནས་ན་དེ་བཞིན་ཉག་གཅིག་ཅེས་བྱའོ།། དེ་ཡང་ལུང་ལས། བསྟན་བྱ་སྟོན་བྱེད་གཉིས
243a5 ཡོད་ན།། བསྒོམ་བྱ་སྒོམ་བྱེད་ཅི་ཕྱིར་མེད།། ཞེས་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་བསྟན་ཏེ། སྙིང་པོ་བསྟན་པར་བྱ་བའི་དོན་དུ། དུས་རྟག་ཏུ་སྙིང་པོ་ལ་གནས་པར་བྱའོ།། རྟོག་པའི་དོན་ཤེས་བྱ་བ་མ་རིག
243a6 ཀྱང་། བཀའ་ལུང་གི་ཕྱི་མོ་དང་རྒྱུད་ལམ་གསལ་གྱི་བར་དུ། ཤེས་བྱ་ལ་གསལ་གདབ་ཅིང་ཏིང་ངེ་འཛིན་ལ་གནས་པར་བྱའོ།། བྱང་ཆུབ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ།། གཞན་ནས་མ་བཙལ་སེམས་ཉིད་མངོན་སངས་རྒྱས།
243a7 རང་ལ་གནས་པའི་དོན་དེ་སེམས་ཀྱིས་སེམས་ལ་ལྟོས།། མ་བྱུང་མ་སྐྱེས་རང་ལྷུང་ཆོས་ཀྱི་རྒྱུ།། མི་གཡོ་མི་འདིར་མཉམ་པ་ཆེན་པོར་གཞག། གསལ་བཏོག་མེད་མོ་ཤེས་ཆོས་ཀྱི་སྐུ།། མ་བཅོས་བདེ་བ་ཆེན་པོའི་དང་དུ་གཞག
iiif viewer powered by OpenSeadragon
242b - 243b