e-texts navigator
Collection
Volume
Page
Wylie

242a1 ཞལ་ཁྲིམས་ཉག་གཏག་མ།། དགའ་རབ་ཛྙཱན་མཁས་པའི་སྐྱེས་མཆོག་གས།། ལུས་འཕྲོ་སྐལ་པར་ལྡན་པའི་ཐུགས་རྒྱུད་ལས།། བསྟན་འབྲི་མེད་པའི་རིན་ཆེན་གཏེར་འན་ཚངས།། དྷཱ།
242a2 དྲན་བུ་དང་ཆུང་ངན་སློབ་མ་ལ།། ཆུ་སྲིན་གྲི་བ་བཞིན་དུ་དམ་དུ་སྒོམས།། ཞེས་བཀའ་བྲལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔ་འཚོན་པས། རྒྱུད་དག་པནི་རྡོ་རྗེ་སེམས་དཔའ་ལཞུ་བཇུག་ཞུས་པ།
242a3 ཀྱེ་ཐུགས་རྗེ་ཆེན་པོ། ཁམས་གསྩལ་གྱི་སེམས་ཅན་ཐམས་ཅད་ནི། ནད་པ་ལྟ་བུའོ།། དུག་ལྟ་བུའོ།། ངོ་ཕྱོགས་ཀྱི་འདམ་རྣ་བ་ལྟ་བུའོ།། མུན་པ་ལྟ་བུའོ།། སྣརོ་གྱི་བུའོ།། ཚོ་མ་ལྟབའོ།། ཞེས་བྱས་པས། རྡོ་རྗེ་འཛིན
242a4 པ་ཉོན་ཅིག། ངས་གདམས་པའི་ཆོ་ག་གསུམ་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཞིང། འཁོར་བའི་རྒྱ་མཚོ་ལས་ཟག་རིང་རྣམ་པར་དག་པའི་ཞིང་དུ་བསྒྲལ་བ་དང་། འཁོར་བའི་འདྲ་མ་རྫབ་ལ་རྡོ་རྗེའི་རྫོང་བཅའ་བ་དང་།
242a5 སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་བསྒྱུར་བ་དང་གསུམ་ལས། རིགས་ཀྱི་བུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འཇུང་བ་ལྔས་བསྡུས་པ་ཐམས་ཅད་སྔོན་ཕྱུང་གི་དུས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། མ་བྱས
242a6 བྲིས་སྣང་བ་བདེ་ཞིང་ཡུངས་པ། ཟུག་རྔུ་མེད་པ། རྒྱ་ཡོངས་སུ་མཛད་པ་ཆོ་ག་དང་དབང་པོའི་སྤྱོད་ཡུལ་མེད་པ། བརྗོད་བྱ་ཐམས་ཅད་ལས་འདས་པ། འདས་ཞེས་བྱ་བ་ཡང་མིང་གི་རྣམ་གྲངས་ཏེ། དེ་ཅི་ལ་ཡང
242a7 མི་གནས་པའོ།། དེས་ནི་འཁོར་བའི་རྒྱ་མཚོ་མཐའ་རིང་བ་རྣམ་པར་དག་པའི་ཞིང་དུ་བསྒྲལ་བའོ།། ཁམས་གསུམ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་བུར་ཆུད། མ་རིག་པའི་རྒྱར་འཛུམས་ནས་སྡུག་བསྔལ་བར་གནས་ཀྱང་།




iiif viewer powered by OpenSeadragon

241b - 242b

Texts on this page

Gdg006.34 - byang chub kyi sems rma bya mjing bsnol gyi rgyud las / 'bras bu bla na med pa'i theg pa