| | e-texts navigator
|
239a1 བྱུང་།། གསང་བ་བདག་པས་བསྟན་དུ་གསལ།། གསང་བ་བདག་པས་གསུངས་པ། ཀྱེ་སེམས་དཔའ་ཆེན་པཉོན་ཅིག།། བྱང་ཆུབ་སེམས་ཀྱི་ཆོས་ཉད་ལ།། རྐྱེན་མོངས་སྐྱོན་གྱིས་མགོས་པས།། དྲི་མད་རྣམ་དག་ཏུ
239a2 དུབླང་།། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས།། སྟོང་པ་ཀུན་འབྱུང་གྱུང་དུ་བྱུང་།། རིག་པས་ཐམས་ཅད་བཅད་པ་ཡིས།། འཛིན་པ་སྡུག་བསྔལ་རྒྱང་དུ་ཟུང་།། ཞེས་དོན་གྱི་ཆུང་དུ་བྱུང་བའི་ལེའུ་སྟེ་དྲུག་པའོ།། ། དྲི་མེད་རྣམ་དག་ཇི་ལྟར་ལགས
239a3 སྟོང་པ་ཀུན་འགྱུང་ཇི་ལྟར་ལགས།། འཛིན་པ་སྡུག་བསྔལ་ཇི་ལྟར་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ། གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། གཞི་ལ་སྐྱོན་གྱིས་མ་གོས་ན།། དེ་ནི་གྱི་ཡི་དྲི་མེད་ཡིན།།
239a4 དུག་ལྔ་སེལ་དུ་མི་འཛིན་ན།། དེ་ནི་ནང་གི་དྲི་མེད་ཡིན།། དབྱིངས་ལ་སྐྱེ་འབྲི་མི་བྱེད་ན།། དེ་ནི་གསང་བའི་དྲི་མེད་ཡིན།། བྱས་པའི་ཆོས་ལ་མི་ལྟོས་ན།། དེ་ནི་ཕྱི་ཡི་སྟོང་ཉིད་ཡིན།། མཚན་མའི་ཆོས་ལ་མི་གནས་ན།། དེ་ནི་ནང་གི་སྟོང་ཉིད་ཡིན།། ཆོས
239a5 ཉིད་དོ་ཡིས་མི་འཛིན་ན།། དེ་ནི་གསང་བའི་སྟོང་ཉིད་ཡིན།། འབྱུང་བ་ལྔ་ལ་མི་འཛིན་ན།། དེ་ནི་ཕྱེ་ཡི་རིག་པ་ཡིན།། སྒོ་ལྟར་འཛིན་པ་མ་ཞུགས་ན།། དེ་ནི་ནང་གི་རིག་པ་ཡིན།། ཡེ་ཤེས་རྒྱུན་དུ་མི་གཅོད་ན།། དེ་ནི་གསང་བའི་རིག་པ་ཡིན།། ཞེས་སོ།།
239a6 ཀླུང་གསུམ་བཀྲོལ་བའི་ལེའུ་སྟེ་བདུན་པའོ།། ། རྒྱུད་ཀྱི་ངོ་བོ་ངེས་ཚིག་ཇི་ལྟར་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། བྱང་ཆུབ་སེམས་ཀྱི་ཆོས
239a7 ཉིད་དེ།། ཀུན་ཏུ་འབྲེལ་པས་རྒྱུད་ཀྱང་ཡིན།། ཡང་དག་ལམ་དུ་ཞུགས་པ་ཡི།། གཟུང་དུ་རུང་བས་ལུང་ཡང་ཡིན།། ཉམས་སུ་བླངས་པའི་ཆོས་ཉིད་དུ།། བྱང་ཆུབ་སེམས་པས་མེད་པའི་ཕྱིར།། དེ་ཕྱིར་མན་ངག་དམ་པ་ཡིན། འབྲེལ་དང་མཚ
iiif viewer powered by OpenSeadragon
238b - 239b