e-texts navigator
Collection
Volume
Page
Wylie

237b1 ནས་མ་ཡིན་དེ་ཉིད་ཡིན་ཏེ་མཆོག་ཏུ་འདོད།། ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད།། ཡང་དག་ཉིད་དུ་མཐོང་ན་འཁྲུལ་པ་སྟེ།། དགྲ་དང་མ་དག་མཐོང་མེད་མཚུངས་པའི་ལམ།། རྣམ་པར་ཅི་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་།། རང
237b2 གས་མི་གཡོ་མི་བསྐྱོད་ཏིང་འཛིན་རྒྱལ་པོར་གནས།། འདི་ལྟར་མཐོང་ཞེས་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བ་ལ་ལ།། དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ།། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཞེས།། མི་ལེན
237b3 མེ་སྤང་མཉམ་པའི་རྒྱལ་པོ་འཐོབ།། སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས།། འཛིན་པས་སྤང་ཞིང་བཏགས་པའི་ཆོས་རྣམས་ཀུན་ལ་ནི།། མི་འདོར་མི་སྤང་རང་བྱུང་དེ་ཉིད་དེ།། རྣམ་པ་ཏིར་ཡང་མི་དགོངས་ཐབས
237b4 གྱིས་དེ་ལ་རོལ།། ཀུན་དང་མི་མཐུན་ཡོངས་ཀྱིས་སྤངས་པའི་ཆོས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི།། རྣམ་དག་ལམ་དེར་ཞུག་པས་མཉམ་པའི་རྒྱལ་པོས་འཐོབ།། བུད་མེད་ལ་སོགས་ཀུན་ཀྱང་སྤང་མེ་བྱེད།། ལོ་རྒྱས་དོན་ཉིད
237b5 ཚང་མར་བློ་བཞག་ནས།། ཏིང་འཛིན་གསུམ་པོ་བཏགས་ཤིང་གྲུབ་པའི་མཐའ་དཔྱོད་པ།། ཅོལ་བསྒྲུབ་ལུང་ལས་གྲོལ་ཏེ་འཁྲུལ་པ་ཡིན།། བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས།། ཡེ་ཤེས་རང་བྱུང་ཆེན་པོ་ཇི་སྙིང་པོ་ཉིད།། མེ་མིགས
237b6 མིག་ཡོ་བསྙད་པ་ཀུན་དང་ཐལ།། བྱ་བྲལ་ཟིན་པའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས།། མ་སྐྱེས་མི་འགག་ནམ་མཁའ་ལྟ་བུའི་ངང་།། འདི་ཞེས་བསྟན་དུ་མེད་དེ་ཐིག་ལེ་གཅིག་གི་སྐྱ།། སྤྲོ་ཞིང་བསྡུ་བ་མེད་དེ་ཐང་ལམ་དམ་པ་ཡིན།། མ་རྟོགས
237b7 རྟོགས་པ་མེད་དེ་ཤེས་རབ་ཐབས་བྲལ་བས།། མཐའ་མེད་དབུས་མེད་སྙིང་པོར་གདགས་པའང་མེད།། མཁའ་བཞིན་མ་བཅོས་སྨྲབས་མ་ཡུལ་ལས་འདས།། ཚད་མས་དོན་གཞིག་དཔེ་བྲལ་རྒྱལ་བའི་ཐུགས།། ཡང་དག་བྱང་ཆུབ་ཀློང་ནི་འདི་ཞེས




iiif viewer powered by OpenSeadragon

237a - 238a

Texts on this page

Gdg006.32 - byang chub kyi sems nya mo bag la nyal