| | e-texts navigator
|
236a1 རྣལ་འབྱོར་ཞེ་ལ་གནས་ནས་བྱང་ཆུབ་ཆེན་པོར་མེ་མཚུངས་མཚུངས་མེད་གནས།། བདེན་གཉིས་མཐོང་ཞིང་བྱང་ཆུབ་མཆོག་ཏུ་བརྟན་པར་དགནས་པ།། བདེ་ཆེན་ཚུལ་མཆོག་བརྟན་པར་གནས་པ་བྱང་ཆུབ་ལམ།།
236a2 གཡོ་སྙིང་པོའི་དྲི་བྲལ་དྲི་མེད་དག་པའི་སྐུ་ནི་དག། སངས་རྒྱས་པ་མེད་བྱ་ཐལ་ལམ་ལ་མི་གནས་གཉེན་པོ་ཉིད་དུ་གནས།། མོས་སྐུ་བདག་མེད་གཞན་ལ་ལྟོས་པའི་ཆོས་མིན་གང་ལའང་ལྟོས་པ་མིན།། རང་སེམས་རྣམ་དག་དབྱིངས་མེད་བྱང་ཆུབ
236a3 ལམ་ཆེན་པོ།། གང་ནས་མ་འོངས་གདན་མེད་དེ་ཕྱི་རོལ་ནང་རོལ་གཉིས་ཀ་མིན།། ཡོན་ཏན་ཚོགས་ཀྱིས་བརྒྱན་པའི་བློ་གྲོས་ཐབས་ཆེན་སྐྱ།། སྙིང་རྗེ་ཆེན་པོའི་སྙིང་རྗེ་རླན་དང་མ་བྲལ་ཐམས་ཅད་བསྐུམས།། ཤེས་རབ་དག་པ་སེམས་ཀྱི་ངང་ཉིད་ཀུན་ལ
236a4 ཁྱབ་པར་གནས།། ལོག་རྟོག་མཚན་མའི་འདུ་ཤེས་ཐམས་ཅད་དེ་ལས་བྱུང་།། སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་བཅུར་ཡང་རང་བཞིན་ཡི་ནས་རྫོགས།། ལམ་བསྡུས་རིམ་པ་པ་དང་འཇུག་བལྟ་ཐམས་ཅད་ཁྱད་པར་འགྲུབ་པ་ནི།། སྤྱད་ལེན་མེད
236a5 པའི་ཆོས་འདི་སྒྱུ་མར་གནས་པས་ན།། ཆོས་རྣམས་མ་ལུས་དེ་བཞིན་དེ་བཞིན་དེ་ཡང་གནས།། སྒྱུ་མའི་རང་བཞིན་གང་དུའང་གྲུབ་པ་མེད་པར་ཡིན་པའི་ཕྱིར།། སྒྱུ་མས་སྒྱུ་མ་བསླུ་ཕྱིར་སྒྱུ་མར་གནས།། མེད་པའི་སྒྱུ་མས་ཡོད་པའི་དངོས་གསལ
236a6 འཚལ།། འཇའ་ཚེ་ན་འདི་བཞིན་གང་དུའང་གྲུབ་མི་འགྱུར།། སངས་རྒྱས་སངས་རྒྱས་ཞེས་བྱ་སྨྲ་འདྲ་སྤྱི་གནས་པས།། ཆོས་རྣམས་མ་ལུས་དེ་འདྲ་དེ་བཞིན་གནས།། སངས་རྒྱས་ཆོས་ལཾ་གུས་ཤིང་རྙེད་འདོད་ཤེས་རང་འཚལ།། གཏོང་བ་སེམས
236a7 དཔའ་ཤེས་རབ་འཁྲུལ་པ་བྱིང་བ་མེད།། ཚུལ་ཁྲིམས་དེ་ནི་ཚུལ་ཁྲིམས་འཆལ་པ་ལམ་རིང་འགྱུར།། བཟོད་པ་བསྒོམ་པ་བཟོད་པ་ལ་མི་གནས་ཏེ་བཟོད་པ་མིན།། གཏོང་དང་ཚུལ་ཁྲིམས་ཆོས་སེམས་ཕྱིན་བཅུ་དེ་བཞིན་བསྒྲུབ་ལ་ཕྱིན་བཅུ་མེད།།
iiif viewer powered by OpenSeadragon
235b - 236b