| | e-texts navigator
|
234a1 མན་བ་དེན་ག་ས་ཡོ་ནས་མེད།། བདེན་པ་གཉི་བ་ནི་དོན་གན་ཡོད་དེ་ལ་ནས་མེད་པ་ཡིན།། བདོན་དང་མཚན་མ་གཏཏུན་ཚོགས་རྗེས་སུ་དཔག་པ་ཡིས།། ཡ་མཚན་རྒྱུད་ཀྱི་ཆོས་འདི་རྟོགས་པར་ནུས་པ་དམ་རང།།
234a2 འཁོར་བ་མྱ་ངན་འདས་མེད་ཐིག་ལེ་ཆེན་པོའི་ཀློང་།། བྱད་མེད་ཀློང་ལས་འདས་པས་བྱ་བཙལ་རྫོགས་པའི་སྐུ།། ཐིག་ལེ་ཆེན་པོར་ཐམས་ཅད་ཆུབ་པས་རྒྱ་མཚོའི་ཚུལ།། མ་སྐྱེས་དབྱིངས་སུ་རྫོགས་པས་ཡུམ་གྱི་མཁའ།། སྟོང་པ་བཙལ་ཀྱང་རྟེན་པར
234a3 གྱུར་པ་མེད་པས་མཁའ་ལྟར་དང་།། རྡོ་རྗེ་འདུ་འབྲལ་མེད་དེ་བདེ་ལ་གནས་པས་སྡུག་བསྔལ་ཡེ་ནས་ནི།། ཕྱག་རྒྱའི་འབྱུང་འཇུག་ཉིད་ལ་འཆར་བས་སྙིང་པོར་གནས།། ཡོན་ཏན་སྭ་ལས་འབྱུང་བས་གང་ལའང་བསྔགས་སུ་མེད།། ཤེས་རབ་ཚོགས་ཀྱི
234a4 སྙིང་རྗེའི་རླན་དང་མ་བྲལ་ཐམས་ཅད་སྤངས།། ཐམས་ཅད་ཀུན་གྱི་རྒྱུད་སྡེ་འབྲས་བུར་གནས་པས་ལྟ་བའི་མིག། ཐམས་ཅད་མ་ལུས་བསྡུས་ཀྱང་དོག་འཛེར་མེད་པས་ཆོས་རྣམས་ཀུན་གྱི་གཞི།། ཐམས་ཅད་མ་ལུས་བསྡུས་ཤིང་བརྟན་པར་གནས་པས
234a5 ཕ་རོལ་ཕྱིན་བཅུ་རྫོགས།། སྤང་ལེན་མེད་པའི་ཆོས་འདི་སྒྱུ་མར་གནས་པས་མིང་དུ་བཏགས་པརྫུན།། ཡང་དག་ཐིག་ལེར་ཐམས་ཅད་བསྡུས་པས་བྱ་བཙལ་བྱ་མི་དགོས།། ཡེ་བསྲུངས་ཕྱག་རྒྱས་ཀུན་ལ་བཏབ་པས་ཕྱག་རྒྱར་བསྒོམ་པ་གོལ།
234a6 གཞན་དང་མ་འདྲེས་རྒྱལ་པོ་བཞིན་པས་སེ་ལ་སྲུང་མི་དགོས།། འདི་འདྲའི་དོན་དེ་རབ་ཏུ་ཤེས་པར་གྱུར་པ་མང་དུ་ཐོས་པའི་མཆོག། སྨྲ་བ་རྣམས་ནི་ཉམས་པའི་སྨྲས་པ་དག་ལ་དེ་བཞིན་ཡོད་མིག་ནས།། བཤད་དུ་ཡིནས་མེད་པས་བཤད་པ་འཁྲུལ
234a7 པ་སྟེ།། ཡང་དག་ཉིད་ལ་བཤད་དུ་མངོན་པའི་ཡི་གེ་མེད།། འཕུང་བར་རྒྱུ་བྱེད་རྣམས་ནི་བཤད་ལ་མོས་ཤིང་དགའ་བར་འགྱུར།། ཡིད་དག་བྱང་ཆུབ་ཐོབ་པར་ཡོ་མི་འབྱུང་།། རྣམ་དག་ཇིག་ལེ་ཀུན་ལ་ཁྱབ་པའི་ཡབ་ཆེན་པོ།། ཚིག་ཏུ
iiif viewer powered by OpenSeadragon
233b - 234b