e-texts navigator
Collection
Volume
Page
Wylie

228b1 ཅད་རྒྱས།། ཐ་དད་མེད་པར་ཀུན་ལྡན་དང་ལྡན།། དན་ཡངས་ཀྱ་མ་སྐད་ལ་བཀླད་བུ་མེད།། མབསལ་ཟམ་རྣམ་པར་དག་པ་རང་བཞིན་ཆོས།། གཡོ་བའི་འབྱུང་འཇུག་རྣམ་པར་སྤངས་པས་འདུ་ཤེས་ཟད།། ཡང་དག་སངས་རྒྱས་དམིགས་པ་མད་།
228b2 ནི།། ཡེ་ཤེས་ཡོངས་ཀྱི་ཡེ་ཤེས་སྙིང་པོ་ཡིན།། མ་གཡོས་ལྷུན་གྱིས་གྲུབ་པས་ཐིག་ལེ་ཆེན་པོ་ཉིད།། སྤོས་མེད་སྤོས་དང་བྲལ་བས་བྱང་ཆུབ་སྙིང་པོའི་སྒྲ།། བདེ་ཟན་ཡོངས་ཀྱི་ལམ་དེ་སངས་རྒྱས་དང་།། སྒྱུ་མའི་སྐུ་མར་གནས་ཏེ་སྒྱུ་མའང་མེད།།
228b3 མཐུན་ཕྱིར་ཆོས་རྣམས་སྒྱུ་མ་འདྲ།། སྒྱུ་མས་སྒྱུ་མར་བརྟགས་ཏེ་སུ་མའང་མེད།། སྐད་ཅིག་ཙམ་ཡང་སྒྱུ་མས་སྒྱུ་མ་མ་མཐོང་ཕྱིར།། ཆོས་རྣམས་མ་ལུས་དེ་འདྲར་མཐོང་བ་མེད།། འདུ་ཤེས་ཟད་པས་བྱང་ཆུབ་སྙིང་པོ་མཐོང་།། རྣམ་པར་མི་སེམས
228b4 རེག་ཉིད་ཀྱི་དབང་།། ཙེ་ཡང་མི་བསྐམ་པ་ནི་བསྒོམ་པའི་མཆོག་ཅེས་བྱ།། ཅི་ཡང་མི་དྲན་པ་ནི་ཡང་དག་སངས་རྒྱས་དྲན།། རྟག་ཏུ་སངས་རྒྱས་དྲན་ཞིང་དམིགས་པ་མི་འབྱུང་ན།། མཉམ་ངོམས་ཡང་དག་དེ་བཞིན་ཉིད་ཅེས་བརྗོད།། ཙམ
228b5 དམིགས་པའི་ཡུལ་མེད་ཆོས་སུ་བརྟགས་དང་བྲལ།། ཡུལ་ལ་མི་དམིགས་ཡུལ་ཉིད་དེ་བཞིན་རྫུན།། རྫུན་ཕྱིར་ཤེས་པའང་རྫུན་ཏེ་སངས་རྒྱས་ཉིད་ཀྱང་རྫུན།། རྫུན་ཞེས་གདགས་པའང་རྫུན་ཏེ་རྫུན་ཉིད་ཡོད་མ་ཡིན།། སྨིག་ཏུ་ཆུང་འཁྲུལ་པའང་དེ
228b6 འདྲ་མོད།། འཁྲུལ་ཕྱིར་ཡང་དག་ཉིད་ཀྱང་སྐད་ཅིག་མཐོང་མི་སྲིད།། སྣང་སྟོང་ངོ་བོས་དབེན་ཕྱིར་དེ་བཞིན་དེ་བཞིན་ཉིད།། ཐིག་ལེ་གཅིག་གིས་བསྡུས་ཕྱིར་དེ་བཞིན་ཡོད་མ་མྱོང་།། ཡང་དག་ཉིད་ལ་ཡང་དག་ཡང་དག་མེད།། ཡང་དག་མེད་ཕྱིར་ཆོས
228b7 རྣམས་ཐམས་ཅད་མེད།། དེ་མེད་པ་ལ་སངས་རྒྱས་གནས་དེ་སངས་རྒྱས་ཉིད་ཀྱིས་ཀྱང་།། སངས་རྒྱས་ཉིད་ཀྱང་རྣམ་པར་དག་པའི་དབྱིངས་ཏེ་དབྱིངས་ཀྱི་སྐུ།། ཡོད་མེད་རྟག་ཆད་གཉིས་སུ་མེད་པའི་ཕམ།། འཁོར་བ་མྱ་ངན་འདས་པ་གཉིས་མེད




iiif viewer powered by OpenSeadragon

228a - 229a

Texts on this page

Gdg006.32 - byang chub kyi sems nya mo bag la nyal