e-texts navigator
Collection
Volume
Page
Wylie

227b1 ངན་ལས་འདས་པ་གཉིས་མེད་པ་ཉིད་ལ་ཉིད་ཀྱིས་བརྗོད་པ། ཤས་བྱ་དམ་པ་ཀུན་དང་འཕྲོས་པའི་དུག་ལྔ་བྱས་ཤིང་ཐོས་པས་ཟ་རྒྱའི་ཀླུད་ལྟར་འཁོར། གནས་ལྔ་ནས་ནི་སྐྲག་ཅིང་སྙན་པ་ལ་སོགས་བླངས་ཏེ་ཟོས་པས་དེ་བཞིན་འཁར།། ང་བཞིན་སྡུག་བསྔལ
227b2 སོ་སོར་ཟོས་པའི་དེ་དབང་མཐུས།། དེ་སྨིན་དེ་འཇོམས་སྤོང་བྱེད་དེ་ཡང་ཤིན་ཏུ་འཁོར།། འཁོར་བར་བལྟ་བའི་འཁོར་བའི་ཡུལ་འཇོམས་དེ་ནི་ཁྱད་པར་འཁོར།། གཟུགས་སྐུ་ལ་སོགས་དེ་ཡི་རགས་པས་བརྟགས་པས་ནི།། ཕུང་པོ་ལ་སོགས་འཁོར་དང
227b3 བཅས་པ་མེད་བཞིན་བརྟགས་ཤིང་འཁོར།། དེ་ཕྱིར་འཁོར་བ་འཁོར་བ་ཞེས་ནི་སྔ་ཕྱི་མེད་པའི་འཁོར་བ་ལས་ནི་བཏགས།། དེ་ལ་འཁོར་བ་ཞེས་ནི་ཀུན་གྱིས་བོས་པའོ།། དེ་བཞིན་ཉིད་དང་དབྱིངས་དང་མྱ་ངན་འདས་པ་སུས་མཐོང་བ་ཉིད་འཁོར་བ་སྟེ།། སེམས
227b4 དང་སེམས་ལས་བྱུང་བའི་ཆོས་མཐོང་བ་ནི་སྨོས་ཅི་དགོས་ཏེ་འཁོར་བ་ཆེན་པོ་ཡིས།། མ་བཅོས་ཐིག་ལེའི་ཆོས་གཅིག་ཅིང་ཡང་མི་སྣང་བས།། སྣང་ཞིང་བཇུག་པའི་འོས་ནི་གང་ནས་ཀྱང་ནི་བཙལ་དུ་མེད། དེ་མེ་དཔལ་འཁོར་བ་མི་གནས་མྱ་ངན་འདས་བྲལ་མེད།།
227b5 དཔྱད་དུ་མེད་པའི་ས་ལ་སུས་ཀྱང་སྦྱང་དུ་མེད་དེ་ཀུན་བཟང་ཉིད་ཀྱིས་བརྟགས་པར་རབ་ཏུ་དཀའ།། ཡེ་ནས་བྱ་མ་དགོས་པའི་ཆོས་ལ་ཅིར་ཡང་མཐོང་དུ་མེད་པས་ཅི་ཡང་བསམ་མི་བྱ།། འཁོར་བ་ཡུད་ཙམ་གྲུབ་མ་མྱོང་བས་མྱ་ངན་འདས་པའང་མེད།། མྱ་ངན་འདས
227b6 མེད་པ་ཉིད་མི་རྟོག་རྣལ་འབྱོར་ལམ་ཆེན་པོ།། དེ་ཉིད་གཡོ་བ་མེད་པས་ཡེ་ཤེས་གསལ་རིག་དག་ཅིང་རྣམ་པའི་འབྱུང་འཇུག་ཞི།། མེ་ཏོག་མི་གཡོ་བ་དེ་ཡང་དག་སངས་རྒྱས་ཉིད།། དེ་ནི་ཐིག་ལེ་གཅིག་གིས་བསྡུས་པའི་ཆོས་ཉིད་ཀུན་ཏུ་བཟང་པོའི་ཆོས་འ
227b7 ཉིད་ལས་ཆོས་རྣམས་གང་ཡང་མེད།། འཁོར་བའི་ཀླུང་ཆེན་རྒྱ་མཚོ་ནམ་མཁའ་ལྟ་བུར་ཆེ་བའང་།། མི་རྟོག་མི་གཡོའི་ངང་བུ་བཅོམ་སྟེ་གཉིས་མེད་ཐེག་ལེ་བྱང་ཆུབ་བདེ་བའི་ལམ་ཆེན་འདི་ལ་ལ་འཕྲད་མེད།། དེ་ཕྱིར་བྱང་ཆུབ་སྙིང་པོའི་ཆོས་འདི་ཉིད་ལས་ཆོས




iiif viewer powered by OpenSeadragon

227a - 228a

Texts on this page

Gdg006.32 - byang chub kyi sems nya mo bag la nyal