| | e-texts navigator
|
227a1 སེམས།། ཡེ་ཤེས་དབྱིངས་སྒྲོལ་ཞིབས་བདེ་བ་ཆེན་པོའི་ཀློང་།། སྤྱད་པའས་གཞར་གྱུར་པས་རྒྱལ་དང་ཆགས་པའི་ཡུམ།། སྲིད་རྩང་ས་བོན་བསྲེགས་པའི་ཡེ་ཤེས་མ་ཚན་པོ།། སེམས་དང་སེམས་ལས་བྱུང་བ།
227a2 མ་ལུས་ཀུན་རྫོགས་སོ།། བསླབ་པའི་གནས་མིན་ཅིར་ཡང་བྱ་བའི་ལས་དང་བྲལ་བའི་ཆོས།། དགོན་པ་གསང་བའི་གསང་ཆེན་ཉིད་ན་དེ་བཞིན་གསལ།། ཤེས་བྱ་ཤེས་ཁྱེད་དམ་པ་མ་ཡིན་གཉིས་མེད་དང་།། རྡོ་རྗེ་རྡོ་རྗེ་འདྲ་འབྲལ་མེད་པབདེ་མཆོག་བདེ་ལ་གནས།།
227a3 ཡུལ་མེད་ཡེ་ཤེས་དམ་པའི་ཡུལ་ལས་བྱ་བྱེད་ཡེ་ཤེས་དག། ཡེ་ཤེས་སྙིང་པོ་སྙིང་པོ་ཅན་རྣམས་ཀུན།། སྲས་ཀྱང་མ་བྱས་རང་ཐུང་བཙལ་མེད་བདེ་བ་དམ་པའི་དོན།། ཀུན་ལ་རང་ཆས་གནས་ཀྱང་སུས་ཀྱང་མ་མཐོང་ཕྱིར།། རྣམ་ཤེས་རི་མོ་རྣམ་ཤེས
227a4 ཉིད་ལ་ཕྲི།། སྒོ་ཀུན་ཕྱག་རྒྱས་བསྡུས་ནས་རང་བཞིན་ཉིད་ལ་རི་མོས་བལྟ།། རི་མོའི་རྒྱུ་ལ་རི་མོ་བྲིས་ནས་རི་མོ་རགསལ།། འཁོར་ལོ་བསྐོར་ལྟར་བྲིས་བཞིན་གསལ་ཞིང་དྲིལ།། སྒོ་ཀུན་འཇུག་པའི་སྨིག་རྒྱའི་ཚུལ་དུ་བྱ་བྱེད་མཁན།། མུན་ནག་སྐར་ཁུང
227a5 ཁྲི་རུ་མེ་སྒྲོན་གཅིག་གསལ་ཙཱ་ལ།། ཀུན་ཏུ་སྣང་བའི་སར་ཁུང་ཉིད་དེ་མེ་གཅིག་སོ་སོར་འཛིན།། དེ་བཞིན་རྣམ་ཤེས་གཅིག་པོས་སྒོ་རྣམས་སོ་སོར་འཛིན།། ཉིད་ལ་ཉིད་ཀྱིས་རྒྱས་བཏབ་ཉིད་ཀྱང་རྒྱ་ཡིས་བཏབ།། རྒྱ་ཉིད་རྒྱུར་གྱུར་རྒྱད་མ་ཉམས་ཀྱུ།། མིང་གྱུར
227a6 བཏབ་བཞིན་སྣང་བའི་དོན་པའི་རྒྱ།། འཐོབ་སྲ་འཐོབ་དཀའ་ཁྱད་པར་འཐོབ་དཀའ་རྣམས།། ཕྱག་རྒྱ་ཆེན་པོའི་རྒྱ་ཡིས་བཙན་པར་བྱས།། འཐོབ་དཀའ་འཐོབ་པས་འབྲས་སྦྱངས་འཁྲུལ་ནད་ཆེ།། ཀི་མ་པཇི་འབྲས་ལྟར་དེ་ཡིས་དེ་ཉིད་ཟ།། དེ་ཕྱིར་སངས
227a7 རྒྱས་ཡང་དག་བྱང་ཆུབ་ལམ་ལ་སྦྱང་མི་བྱ།། བྱང་ཆུབ་ཀྱི་སེམས་ཉ་མོ་བཀ་ལ་ཉལ་ལས། ཉིད་དང་ཉིད་ལྡན་པའི་དོན་དམ་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འཁོར་བ་དང་ནི་མྱ
iiif viewer powered by OpenSeadragon
226b - 227b