e-texts navigator
Collection
Volume
Page
Wylie

222b1 ཉིད་གཅོག་ལ་སྦྲུལ་གཉིས། ཁོ་ནའོ།། གཅག་ཏུ་ནས་ན་ཡ་ཤེས་དཁན་ནོ།། དྲུངས་གསན་བུ་ཟག་ཚོད་ཁནའོ།། དུ་ཐག་ཚོད་ན་འགྲོས་མེད་པའོ།། འགྲོས་མེད་ནག་ཡངས་བྲས་བའོ།། གསངས་མེད་ན་བ་འགྱུར་མེད་པའོ།། ད་ལྟར་ཤསན།
222b2 རྟག་ཆད་བྲལ་བའོ།། བྲལ་བར་ཤེས་ནམཐལ་མེད་པའོ།། མ་བྲལ་བ་ཉིད་ན་བྲལ་བ་མེད་པའོ།། ཐལ་དང་མཐལ་ཀུན་དྷ་ཁྱད་མེད་པའོ།། ཨེ་མ་ཧཱ་བ་དང་ཆེན་པོམ་གནས་པའི་ཆོས་ཉིད་ལ། གཉིས་སུ་འཛིན་པའིའོ་སྨོས་མི་གདགས།། འདུ་འདྲལ
222b3 མེད་པའི་ཡེ་ཤེས་ལ།། མཁྱེན་དང་མཱི་མཁྱེན་བསྤྱད་མི་འཇུག། རང་བྱུང་ཡེ་ཤེས་རིག་པ་ལ།། འཁོར་འདས་གཉིས་སྒྲ་བཏརྟགས་པས་ནོད།། རང་སེམས་ངས་ཉིད་ཀྱི་དབྱིང་སྒྲ།། གཟུང་དུ་མེད་པས་རྦ་ཟླ་ན།། སྐང་ལ་ཞེན་རྟོག་མེད་པས་བདེ།
222b4 སྡུག་བསྔལ་བདེ་བ་ཆེན་པོ་ལ།། རྐྱེན་གྱི་ཁྱད་པར་ཉིད་དུ་འགྱུར།། ཞེས་གསུངས་སོ།། རིན་པོ་ཆེ་འཁོ་ལོ་བརྩེགས་པའི་ཆུད་ལས། རིག་པ་ཡེ་ཤེས་ཀྱི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་ཉིད་ཀྱི་རང་བཞིན་གྱིས་ཉིད་ཀྱི་ངོ་བོ་པ་གདས
222b5 པའི་དོན་བསྟན་པ། ཨེ་མ་ཧོ་བདེ་བ་ཆེན་པོ་ཆོས་ཐམས་ཅད་རིག་པའི་རྩལ་ལས་མབྱུང་བ་ནི་གང་ཡང་མེད་དེ་ནམ་མཁའ་ལ་ཉི་མ་ཤར་བ་དང་འདྲ་སྟེ་འདིར་གསལ་འདིར་མི་གསལ་མེད་པའོ།། དེ་བཞིན་དུ་ལུང་དང་མན་ངག་བལྟ་བ་སྒོམ་རྣམ་པ་གཉིས་ཀྱི་ཐག་བཅད་ནས
222b6 ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བདེ་བརྡལ་བའི་དོན་དུ་ཁྱབ་གདལ་བའོ།། ཆོས་ཐམས་ཅད་དབྱིངས་མི་འགྱུར་བའི་ཀློང་ན་གབ་པ་དེ་མན་དག་དང་དགོངས་པ་རྣམ་པར་དག་པས་རང་ལུགས་ཆེན་པོའི་དོན་མངོན་དུ་ཕྱུང་བ་ནི། འཁོར་ལས་སྦྱར་བའི་རྒྱལ་པོ་དམུས་ལོང་མིག
222b7 ཕྱེ་བ་བཞིན་ཏེ། སེམས་ཅན་གྱི་ཤེས་པ་ཉིད་མ་བསླད་པའི་ཆོས་ཉིད་དུ་རྟོགས་པ་འཆང་བའོ།། རིག་པ་གང་ལ་ཡང་མ་ཆགས་པར་རང་བྱུང་ཡེ་ཤེས་སུ་གྲོལ་བྱུང་བ་ནི་ངོ་བོ་གཞི་ལ་རིག་པ་ཉིད་ཅིང་ཡང་མི་གནས་པ་ལ། ལམ་ཅན་གྱི་ཆོས་གང་ལ་ཆགས་པ་མེད་དེ་གླང




iiif viewer powered by OpenSeadragon

222a - 223a

Texts on this page

Gdg006.31 - rin po che 'khor lo brtsegs pa'i rgyud