| | e-texts navigator
|
221b1 ཞེས་ཀྱང་བསྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་མེ་ཏོག་པའི་ཡེ་ཤེས་ཀྱི་ཤེས་པ་རང་གསལ་ད་ཁོ་ནའོ།། རྣམ་པར་གྲོལ་བའི་ཕུང་པ་ལ་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ།། གཟུང་འཛིན་རྣམ་པར་དག་པའི་ཆོས་ཉིད་དོ།། དེ་ལ་རིག་བརླུང་གི
221b2 སྙིང་པོ་ཅན་རྣང་ཀུན་ཏུ་འགྲོ་བའི་ཡིད་ཅན་ནོ།། འཁོར་བ་ཀུན་འདུས་ཀྱི་བདག་ཉིད་ཡོད་པ་དང་སྡོད་བཅུད་ཀུན་གྱི་བདག་ཉིད་དུ་གྱུར་པའོ།། དེ་ཉིད་སྙིང་པོ་རངས་ཟིན་པ་ནི། རིག་པ་ཁོང་སྟོང་། གར་ཡང་འཇུག་པའི་ཆུ་མེད་ངདེ་སྨན་གྱིས་གྲུབ་པའི་རིག་པ་ཞེས་བྱའོ།།
221b3 ཀུན་གཞི་སྟོང་པས་ཡེ་ཤེས་སུ་གནས་གྱུར་པ་ཞེས་བྱའོ།། སྙིང་པོ་མེད་པའི་ཡེ་ཤེས་ལ་ཆོས་སྐུ་རིང་གསལ་ཞེས་བྱའོ།། མེད་པའི་ངང་ལ་སྐུ་དང་ཡེ་ཤེས་སྣ་ཚོགས་ཅིར་ཡང་འབྱུང་བས་ཀུན་ཏུ་ཁྱབ་པ་ཞེས་བྱའོ།། ཨེ་མ་ཏོ་བདེ་བ་ཆེན་པོ་དུས་གསུམ་གྱི་བདེ་བར
221b4 གཤེགས་པ་ཐམས་ཅད་དང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ནི་ཤེས་པ་ཆོས་སྐར་གསལ་བ་ལས་མ་བྱུང་བ་གཅིག་ཀྱང་མེ་དང་། དེ་ཕྱིར་རིག་པའི་ཡེ་ཤེས་སུ་མ་གྱུར་པ་གང་ཡང་མེད་པ་ནི་ཀུན་ཏུ་བཟང་པོའི་དགོངས་པ་མེ་ཀློང་ཆེན་པོ་ཞེས་བྱའོ།། ཀུན་ཏུ་སྣང་བར་མཛད་པས
221b5 རྣམ་པར་སྣང་མཛད་ཅེས་བྱའོ།། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཆེན་པོ་ནི་ཅིར་ཡང་སྤྲུལ་ཞིང་གང་དུ་ཡང་འགྱུར་བས་ཀུན་ཏུ་འགྱུར་བའི་རིག་པའོ།། ཡེ་ཤེས་ལྔ་ལས་གྱུར་པའི་ཆོས་ཉིད་ལ་སྐྱ་འགགས་པ་མེད་པར་རོལ་པ་ལ་རང་བཞིན་འགྱུར་བ་མེད་པ
221b6 རྟག་པ་ཆེན་པོར་བཞུགས་པའི་ཆོས་ཉིད་དོ།། དབྱིངས་མི་འགྱུར་བ་ལ་ཐུགས་རྗེའི་རོལ་པ་ནི་ཅིར་ཡང་སྣང་བའོ།། སྣང་ཙམ་ན་ཡང་དེའི་རང་བཞིན་ངེས་པ་མེད་པའོ།། རོལ་པ་ཆེན་པོའི་ཆོས་ཉིད་ལ་མཛད་པ་ནི་ཅིར་སྣང་ཡང་སྐུའི་ཆོ་འཕྲུལ་དུ་སྟོན་ལམ
221b7 ངེས་པའི་ཚེ་འཕྲུལ་ཇིར་ཡང་སྦྱིན་ནོ།། རོལ་པཟན་པ་ཚ་འཕྲུལ་གྱི་སྤུ་ཅིར་ཡང་སྣང་བ་པ་ལོངས་སྤྱོད་ཅིང་རྟག་པར་བཞུགས་པ་ནི་སྤྱད་ཡུལ་ཐམས་ཅད་དུ་དང་ཤར་བའོ།། འཇིག་ཏན་པས་བསྡུས་པའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་དག་།
iiif viewer powered by OpenSeadragon
221a - 222a